您们好!
我们怀着无比的热忱,诚挚地邀请您参加将于2024年8月15日举办的书法交流活动。
书法,作为中华民族传统文化的瑰宝,承载着千年的智慧与情感。在这个快节奏的时代,我们希望通过此次活动,为广大书法爱好者提供一个交流与展示的平台,共同领略书法艺术的魅力,传承和弘扬中华优秀传统文化。
本次活动将汇聚众多书法界的精英和爱好者,您将有机会与他们切磋技艺、交流心得,分享书法创作的乐趣。
无论您是书法界的前辈还是初涉此道的新秀,我们都衷心期待您的到来。相信在这次活动中,您一定会收获满满的友谊和宝贵的经验。
活动时间:2024年8月15日
活动主题:翰墨新西藏 凝聚新共识 奋进新征程
活动地点:曲松县政协三楼办公室
活动目的及意义:为了庆祝中华人民共和国成立75周年,中国人民政治协商会议成立75周年,西藏民主改革65周年,中国人民政治协商会议西藏自治区委员会成立65周年,进一步传承中华优秀传统文化,大力弘扬和培育和践行社会主义核心价值观,增强西藏文化的影响力,激发更多人对西藏传统文化的兴趣与热爱,让书法之美在现代社会绽放新的光彩。
作品内容与风格:
内容:庆祝中华人民共和国成立75周年,中国人民政治协商会议成立75周年,西藏民主改革65周年,中国人民政治协商会议西藏自治区委员会成立65周年的内容健康向上,催人奋进的祝语、名言、语句,突出铸牢中华民族共同体意识,促进各民族交往交流交融,反映曲松新面貌、新变化,展现大自然的风光人文历史等内容。
风格:鼓励创新,不拘泥于传统,不限于汉语和藏文,无论是楷书、行书、草书、隶书还是篆书,均可自由发挥。
其他说明
1.为便利参与者,活动现场将备有基本的书法用品;
2.请在作品背面右下角用铅笔注明作者真实姓名、联系电话;
3.所有作品均有县政协党组和机关党组班子进行现场评分,优秀作品推荐区、市政协,力争在区政协成立65周年书画摄影展上入选;
4.所有作品作为歌颂祖国、民族团结资料,集中保管均不退稿;
5.联系人及电话:普布扎西 0893-7332899 13908939909
再次诚挚地邀请您,期待与您在书法的世界里相遇!
གདན་ཞུའི་ཡི་གེ
ཁྱེད་རྣམས་སྐུ་ཁམས་བཟང་།
ང་ཚོས་སྙིང་དབུས་ནས་ལྷག་བསམ་བཅངས་ཏེ། སྐུ་ཉིད་༢༠༢༤ལོའི་ཟླ་༨ཚེས་༡༥ཉིན་གཉེར་རྒྱུའི་ཡིག་གཟུགས་འགྲན་བསྡུར་སྤེལ་རེས་ཀྱི་བྱེད་སྒོར་ཕེབས་རྒྱུར་གདན་འདྲེན་ཞུ་རྒྱུ་ཡིན།
ཡིག་གཟུགས་ནི། ཀྲུང་ཧྭ་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་མཆོག་ནོར་ཞིག་ཡིན་པ་དང་། དེར་ལོ་ངོ་སྟོང་གི་བློ་གྲོས་དང་བརྩེ་དུང་གི་ཉིང་བཅུད་ལྡན་ཡོད། དེང་གི་གོམ་སྟབས་མགྱོགས་པའི་དུས་རབས་འདིར་ང་ཚོས་ད་ཐེངས་ཀྱི་བྱེད་སྒོ་དེ་བརྒྱུད། རྒྱ་ཆེའི་ཡིག་གཟུགས་ལ་དགའ་ཞེན་གནང་མཁན་ཚོར་ཕན་ཚུན་དབར་བརྩམས་ཆོས་སྤེལ་རེས་དང་འགྲེམས་སྟོན་གྱི་སྟེགས་བུ་ཞིག་མཁོ་འདོན་བྱས་ཏེ། ཐུན་མོང་ཐོག་ཡིག་གཟུགས་སྒྱུ་རྩལ་གྱི་ཡིད་དབང་འཕྲོག་ཤུགས་མྱོང་རོལ་བྱས་ནས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་རེ་བ་ཡོད།
ད་ཐེངས་ཀྱི་བྱེད་སྒོའི་ནང་ཡིག་གཟུགས་ལས་རིགས་ཀྱི་མཁས་མཆོག་དང་དགའ་ཞེན་གནང་མཁན་མང་པོ་ཞིག་འདུ་འཛོམས་བྱ་རྒྱུ་ཡིན་པས། སྐུ་ཉིད་ལ་ཁོང་རྣམས་དང་ལྷན་དུ་ལག་རྩལ་བགྲོ་བསྡུར་དང་། མྱོང་ཚོར་སྤེལ་རེས། ཡིག་གཟུགས་གསར་རྩོམ་གྱི་སྤྲོ་སྣང་མཉམ་སྤྱོད་བཅས་བྱེད་པའི་གོ་སྐབས་བཟང་པོ་ཞིག་ཐོབ་ངེས་ཡིན།
དེ་ཡང་སྐུ་ཉིད་ནི་ཡིག་གཟུགས་ལས་རིགས་ཀྱི་རྒན་རབས་པ་ཞིག་ཡིན་ནའང་འདྲ། ཡང་ན་ཡིག་གཟུགས་ལ་དགའ་ཞེན་བྱེད་མཁན་གྱི་རྗེས་རབས་པ་ཞིག་ཡིན་ནའང་འདྲ། ང་ཚོས་སྙིང་ཐག་པ་ནས་ལྷན་རྒྱས་ཚང་མ་བྱེད་སྒོར་ཕེབས་རྒྱུའི་རེ་སྒུག་བྱ་བཞིན་ཡོད། ད་ཐེངས་ཀྱི་བྱེད་སྒོ་བརྒྱུད། སྐུ་ཉིད་ལ་རང་ཉིད་དང་དགའ་ཕྱོགས་གཅིག་མཐུན་གྱི་མཛའ་གྲོགས་དང་རྩ་ཆེའི་ཉམས་མྱོང་མང་པོ་ཞིག་ཐོབ་ངེས་ཡིན་པའི་ཡིད་ཆེས་ཡོད།
བྱེད་སྒོའི་དུས་ཚོད། ༢༠༢༤ལོའི་ཟླ་༨ཚེས་༡༥ཉིན།
བྱེད་སྒོའི་བརྗོད་བྱ་གཙོ་བོ། ཡིག་གཟུགས་བརྒྱུད་ནས་བོད་གསར་རྣམ་པ་མངོན། ངོས་འཛིན་གསར་པ་གོང་བུ་གཅིག་ཏུ་འགྲིལ། འབད་འབུངས་ཐོག་ནས་རྒྱང་སྐྱོད་ལམ་གསར་གཏོད།
བྱེད་སྒོ་སྤེལ་ཡུལ། ཆུ་གསུམ་རྫོང་སྲིད་གྲོས་ཐོག་བརྩེགས་གསུམ་པའི་གཞུང་ལས་ཁང་དུ་སྤེལ་རྒྱུ།
བྱེད་སྒོའི་དམིགས་ཡུལ་དང་དོན་སྙིང་།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བ། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༥འཁོར་བ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོལ་མོལ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དབུ་བརྙེས་ནས་ལོ་ངོ་༦༥འཁོར་བ་བཅས་ལ་རྟེན་འབྲེལ་ཞུ་ཆེད་དང་།ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་བས་རྒྱུན་འཛིན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་དང་གསོ་སྐྱོང་ཤུགས་ཆེན་བྱེད་པ། བོད་ཀྱི་རིག་གནས་ཀྱི་ཤུགས་རྐྱེན་ཆེ་རུ་གཏོང་བ་བཅས་བྱས་ཏེ། མི་དེ་བས་མང་བས་བོད་ཀྱི་སྲོལ་རྒྱུན་རིག་གནས་ལ་སྤྲོ་བ་དང་དགའ་ཞེན་ཆེ་རུ་བྱ་རྒྱུར་སྐུལ་སློང་གིས་ཡིག་གཟུགས་ཀྱི་མཛེས་སྡུག་དེ་ཉིད་དེང་རབས་ཀྱི་སྤྱི་ཚོགས་ཐོག་འོད་མདངས་གསར་པ་རབ་ཏུ་འཕྱུར་བ་བྱ་རྒྱུ་ཡིན།
བརྩམས་ཆོས་ཀྱི་ནང་དོན་དང་ཉམས་འགྱུར།
ནང་དོན་ནི། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བ་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་ངོ་༧༥འཁོར་བ། བོད་ལ་དམངས་གཙོའི་བཅོས་བསྒྱུར་བྱས་ནས་ལོ་ངོ་༦༥འཁོར་བ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོལ་མོལ་ཚོགས་འདུ་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དབུ་བརྙེས་ནས་ལོ་ངོ་༦༥འཁོར་བ་བཅས་ལ་དམིགས་པའི་ནང་དོན་སྐྱོན་བྲལ་ཡར་ཐོན་དང་།དཔའ་མཛངས་རྟུལ་ཕོད་ཀྱི་མདུན་སྐྱོད་བྱེད་པའི་སྨོན་ཚིག་དང་། གྲགས་ཅན་གྱི་གཏམ། ཚིག་གྲུབ་སོགས་ཀྱི་ཐོག་ནས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ནང་དོན་འབུར་ཐོན་དང་མི་རིགས་ཁག་དབར་འགྲོ་འོང་སྤེལ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། དེ་བཞིན་ཆུ་གསུམ་གྱི་རྣམ་པ་གསར་པ་དང་འགྱུར་ལྡོག་གསར་པ་མཚོན་པ་། རང་བྱུང་ཁམས་ཆེན་མོའི་ཡུལ་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་ལོ་རྒྱུས་ཀྱི་སྣང་ཚུལ་སྣ་ཚོགས་མཚོན་པའི་ནང་དོན་ཡོད་དགོས།
ཉམས་འགྱུར།གསར་གཏོད་ལ་བསྔགས་སྐུལ་བྱ་རྒྱུ་དང་། སྲོལ་རྒྱུན་གྱི་ཡིག་གཟུགས་ཁོ་ན་མིན་པར། རྒྱ་ཡིག་དང་བོད་ཡིག་གི་ཡིག་གཟུགས་ཕུད་པའི་ཡིག་རིགས་གཞན་ཡང་སྤྱོད་ཆོག་ལ། དབུ་ཅན་དང་དབུ་མེད། འཁྱུག་ཡིག ཧན་རྒྱལ་རབས་ཀྱི་ཡིག་གཟུགས། འཁྱོག་བྲིས་ཡིག་རིས་སོགས་ཚང་མ་རང་མོས་ཀྱིས་སྤྱོད་ཆོག
གསལ་བཤད་གཞན་དག
༡ བྱེད་སྒོའི་ནང་ཞུགས་མཁན་ལ་སྟབས་བདེ་ཡོང་ཆེད། བྱེད་སྒོ་སྤེལ་ཡུལ་དུ་རྒྱུན་སྤྱོད་ཀྱི་ཡིག་གཟུགས་ཡོ་བྱད་གྲ་སྒྲིག་བྱས་ཡོད།
༢ བརྩམས་ཆོས་རྒྱབ་ངོས་ཀྱི་གཡས་ཟུར་དུ་ཞ་སྨྱུག་གིས་རྩོམ་པ་པོའི་རུས་མིང་ངོ་མ་དང་འབྲེལ་གཏུག་ཁ་པར་གསལ་པོར་འགོད་དགོས།
༣ བརྩམས་ཆོས་ཚང་མར་སྲིད་གྲོས་ཏང་ཙུའུ་དང་ལས་ཁུངས་ཏང་ཙུའུ་ཚན་ཁག་གི་མི་སྣས་ས་ཡུལ་དངོས་ལ་སྐར་གྲངས་དཔྱད་བསྡུར་བྱེད་པ་དང་། ཕུལ་བྱུང་གི་བརྩམས་ཆོས་དག་རང་སྐྱོང་ལྗོངས་དང་གྲོང་ཁྱེར་སྲིད་གྲོས་ལ་འོས་སྦྱོར་བྱས་ནས། རང་སྐྱོང་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་ངོ་༦༥འཁོར་བའི་ཡིག་རིས་པར་ལེན་འགྲེམས་སྟོན་ཐོག་བདམས་ཐོན་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན།
༤ བརྩམས་ཆོས་ཚང་མ་མེས་རྒྱལ་དང་མི་རིགས་མཐུན་སྒྲིལ་ལ་བསྟོད་གླུ་ལེན་པའི་དཔྱད་གཞིའི་ཡིག་རིགས་སུ་བརྩིས་ནས། གཅིག་བསྡུས་ཀྱིས་ཉར་ཚགས་བྱ་རྒྱུ་ཡིན་པས་ཕྱིར་སློག་བྱ་རྒྱུ་མིན།
༥ འབྲེལ་གཏུག་མི་སྣ་དང་ཁ་པར། ཕུ་བུ་བཀྲ་ཤིས། ༠༨༩༣-༧༣༣༢༨༩༩ ༡༣༩༠༨༩༣༩༩༠༩
སླར་ཡང་ལྷག་བསམ་ཟོལ་མེད་ངང་ནས་སྐུ་ཉིད་གདན་འདྲེན་ཞུ་རྒྱུ་དང་། ཁྱེད་དང་ལྷན་དུ་ཡིག་གཟུགས་ཀྱི་འཇིག་རྟེན་ནང་མཇལ་རྒྱུའི་རེ་སྒུག་བྱེད་བཞིན་ཡོད།