为了更好地发挥提案在政协履行职能中的重要作用,进一步拓宽提案信息渠道和社会参与面,使提案更加贴近民生、充分反映民意、广泛集聚民智,县政协决定向社会公开征集曲松县政协三届四次会议提案线索。热忱欢迎广大民众和社会各界积极参与,提供有价值的提案线索,县政协综合委员会将对征集到的提案线索进行归纳整理,为提案者撰写和调研提供参考。
一、征集时间
2023年10月9日至2023年11月9日
二、征集方式
通过“网信曲松”官方微信公众号和“曲松融媒”抖音平台向社会公众征集提案线索,鼓励基层组织和广大农牧民群众踊跃参与,提供具有前瞻性、可行性的提案线索,以标题、事由、解决办法的形式提出。经县政协综合委员会汇总、筛选、整理后,形成一批提案选题,交县相关政协委员调研形成高质量的提案。
三、提交渠道
(一)邮寄。通过信函寄:曲松县政协综合委员会收,地址:曲松县卓康路1号,邮编:856300。请在信封上注明“提案线索征集”字样。
(二)邮箱。qszxb123456@163.com,请备注“提案线索征集”字样。
(三)传真。0893-7332899。
四、注意事项
(一)政协提案线索主要是为民代言,反映曲松县政治建设、经济建设、文化建设、社会建设、生态文明建设、乡村振兴建设等方面中的好意见、好办法,助推曲松县经济社会高质量发展,社会和谐稳定。凡不属于政协提案线索征集范围的事项,比如反映个人问题以及民事纠纷、司法诉讼、投诉、举报、信访等事项,请通过其他相关渠道反映。
(二)提供的线索真实可靠,尤其是反映问题实事求是,且按照一事一题的要求,每一条线索有一个标题案由和简要说明,字数一般控制在300字以内。
(三)为了便于联系,请提案线索提供者注明姓名和联系方式。
(四)向社会公开征集的是提案线索而不是提案,作为政协委员和政协参加单位撰写提案和调研时的选题参考,提案线索采纳与否,都不予退稿,敬请谅解。
政协曲松县综合委员会
2023年10月8日
སྤྱི་ཚོགས་ཡོངས་ལ་ཆུ་གསུམ་རྫོང་གི་སྲིད་གྲོས་སྐབས་གསུམ་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག་གི་གྲོས་གཞིའི་ཁུངས་སྣེ་ཡོངས་བསྒྲགས་སུ་འཚོལ་བསྡུ་བྱ་རྒྱུའི་སྐོར་གྱི་འཕྲིན་ཡིག
གཅིག བསྡུ་རུབ་བྱེད་པའི་དུས་ཚོད།
2023ལོའི་ཟླ་10ཚེས་9ཉིན་ནས་2023ལོའི་ཟླ་11ཚེས་9ཉིན་གྱི་བར།
གཉིས། བསྡུ་རུབ་བྱེད་སྟངས།
འཕྲིན་ཕྲན་གྱི་གཞུང་ཕྱོགས་འཕྲིན་སྟེགས"དྲ་འཕྲིན་ཆུ་གསུམ"དང་ཁྱུག་དབྱིངས་ཀྱི"ཆུ་གསུམ་མཉམ་འདྲེས་སྨྱན་སྦྱོར"ཀྱི་སྟེགས་བུའི་ཐོག་ནས་སྤྱི་ཚོགས་ཀྱི་སྤྱི་དམངས་ས་ནས་གྲོས་གཞིའི་ཁུངས་སྣེ་འཚོལ་བསྡུ་བྱས་ཏེ། གཞི་རིམ་རྩ་འཛུགས་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཧུར་ཐག་ཞུགས་རྒྱུར་སྐུལ་ལྕག་བྱས་ནས་རྒྱང་ལྟའི་རང་བཞིན་དང་ལག་བསྟར་བྱེད་འཐུས་རང་བཞིན་གྱི་གྲོས་གཞིའི་ཁུངས་སྣེ་མཁོ་འདོན་བྱས་ཏེ་ཁ་བྱང་དང་། བྱ་དོན། ཐག་གཅོད་བྱ་ཐབས་བཅས་ཀྱི་རྣམ་པའི་ཐོག་ནས་འདོན་དགོས། དེ་རྗེས་རྫོང་སྲིད་གྲོས་ཕྱོགས་བསྡུས་ཨུ་ཡོན་ལྷན་ཁང་གིས་ཕྱོགས་བསྡུས་དང་། གདམ་གསེས། ལེགས་སྒྲིག་བཅས་བྱས་ཏེ། དེའི་ཁྲོད་ནས་གྲོས་གཞི་ཁག་ཅིག་བདམས་ཏེ་རྫོང་འབྲེལ་ཡོད་སྲིད་གྲོས་ཨུ་ཡོན་ལ་བརྟག་དཔྱད་ཞིབ་འཇུག་བྱ་རྒྱུར་མཁོ་འདོན་བྱས་ནས་སྤུས་ཚད་མཐོ་བའི་གྲོས་གཞི་ཞིག་གྲུབ་པར་བྱ་རྒྱུ་ཡིན།
གསུམ། མཁོ་འདོན་བྱ་རྒྱུའི་ཐབས་ལམ་གཤམ་གསལ།
(གཅིག)སྦྲག་ཡིག་བརྒྱུད་ནས་མཁོ་འདོན་བྱ་རྒྱུ།
བཏང་ཡིག་བརྒྱུད་ནས་ཆུ་གསུམ་རྫོང་སྲིད་གྲོས་ཕྱོགས་བསྡུས་ཨུ་ཡོན་ལྷན་ཁང་ལ་བསྐུར་རྒྱུ།
སྦྲག་ཡིག་རྩིས་ལེན་ཡུལ། ཆུ་གསུམ་རྫོང་སྤྲོ་ཁང་ལམ་ཨང་1པོ།
སྦྲག་ཡིག་ཨང་རྟགས། 856300
ཡིག་སྐོགས་ཐོག"གྲོས་གཞིའི་ཁུངས་སྣེ་འཚོལ་བསྡུ"ཞེས་པའི་ཡི་གེ་གསལ་པོར་འགོད་དགོས།
(གཉིས)ཡིག་སྒམ་བརྒྱུད་ནས་མཁོ་འདོན་བྱ་རྒྱུ།
ཡིག་སྒམ་ཨང་རྟགས།qszxb123456@163.com?གྲོས་གཞིའི་ཁུངས་སྣེ་འཚོལ་ <mailto:qszxb123456@163.com?གྲོས་གཞིའི་ཁུངས་སྣེ་འཚོལ་> བསྡུ"ཞེས་པའི་ཡི་གེ་གསལ་པོར་འགོད་དགོས།
(གསུམ)བརྙན་སྐྱེལ་བརྒྱུད་ནས་མཁོ་འདོན་བྱ་རྒྱུ།
བརྙན་སྐྱེལ་ཨང་རྟགས། 0893-7332899
བཞི། དོ་སྣང་བྱ་རྒྱུའི་དོན་བྱ།
(གཅིག)སྲིད་གྲོས་ཀྱི་གྲོས་གཞིའི་ཁུངས་སྣེ་གཙོ་བོ་ནི་དམངས་ཀྱི་འདུན་པ་མཚོན་པར་བྱས་ནས། དེའི་ཐོག་ནས་ཆུ་གསུམ་རྫོང་གི་ཆབ་སྲིད་ལེགས་སྐྱོང་དང་། དཔལ་འབྱོར་འཛུགས་སྐྲུན། རིག་གནས་འཛུགས་སྤེལ། སྤྱི་ཚོགས་འཛུགས་སྐྲུན། སྐྱེ་ཁམས་དཔལ་ཡོན་འཛུགས་སྤེལ། གྲོང་གསེབ་དར་རྒྱས་འཛུགས་སྐྲུན་སོགས་ཐད་ཀྱི་བསམ་འཆར་བཟང་པོ་དང་བྱེད་ཐབས་བཟང་པོ་གང་ལེགས་མཚོན་པར་བྱས་ཏེ། ཆུ་གསུམ་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་པོའི་སྒོ་ནས་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་ཡོང་བར་སྐུལ་འདེད་བྱ་རྒྱུ་དེ་ཡིན། སྲིད་གྲོས་ཀྱི་གྲོས་གཞིའི་ཁུངས་སྣེ་བསྡུ་ལེན་བྱེད་ཁོངས་སུ་མ་གཏོགས་པའི་གནད་དོན་གཞན་དཔེར་ན། མི་སྒེར་གྱི་གནད་དོན་དང་དེ་བཞིན་དམངས་དོན་རྩོད་གཞི། ཁྲིམས་འཛིན་གཏུག་བཤེར། ཉེས་འདོན་བཅས་དང་། ཐེར་འདོན་གོང་ཞུ། ཡིག་སྐུར་ངོ་བཅར་སོགས་མཚོན་པའི་གནད་དོན་ཁག་འབྲེལ་ཡོད་ཐབས་ལམ་གཞན་བརྒྱུད་ནས་གོང་འབུལ་བྱེད་རོགས།
(གཉིས)འདོན་སྤྲོད་བྱས་པའི་ཁུངས་སྣེ་བདེན་པ་ཁུངས་བཙན་ཡིན་པ་དང་། ལྷག་པར་དུ་གནད་དོན་གོང་ཞུ་བྱེད་པར་དངོས་ཐོག་བདེན་འཚོལ་ཡིན་དགོས་པ་མ་ཟད། གནད་དོན་གཅིག་ལ་བརྗོད་གཞི་གཅིག་གི་བླང་བྱ་ལྟར་ཁུངས་སྣེ་རེ་རེར་ཁ་བྱང་གི་གྱོད་གཞི་རེ་དང་གསལ་བཤད་མདོར་བསྡུས་རེ་ཡོད་པ་དང་ཡིག་གྲངས་སྤྱིར་ན་300ནང་ཚུན་དུ་ཚོད་འཛིན་བྱེད་དགོས།
(གསུམ)འབྲེལ་གཏུག་བྱེད་བདེ་བའི་ཆེད་དུ་གྲོས་གཞིའི་ཁུངས་སྣེ་འདོན་སྤྲོད་བྱེད་མཁན་གྱིས་རང་ཉིད་ཀྱི་རུས་མིང་དང་འབྲེལ་གཏུག་ཨང་གྲངས་གསལ་པོར་འགོད་དགོས།
(བཞི)སྤྱི་ཚོགས་ཐོག་ཡོངས་གྲགས་སུ་བསྡུ་རུབ་བྱེད་པ་ནི་གྲོས་གཞིའི་ཁུངས་སྣེ་ཡིན་པ་ལས་གྲོས་གཞི་དངོས་མིན། སྲིད་གྲོས་ཨུ་ཡོན་དང་སྲིད་གྲོས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གྲོས་གཞི་འབྲི་བ་དང་བརྟག་དཔྱད་ཞིབ་འཇུག་བྱེད་སྐབས་བདམས་བྱའི་དཔྱད་གཞི་བྱ་རྒྱུ་ཡིན། གྲོས་གཞིའི་ཁུངས་སྣེའི་ཐད་དང་ལེན་བྱས་ཡོད་མེད་ཚང་མ་ཕྱིར་སྤྲོད་བྱ་རྒྱུ་མིན་པས། དགོངས་ཤེས་ཡོད་པ་ཞུ།
སྲིད་གྲོས་ཆུ་གསུམ་རྫོང་ཕྱོགས་བསྡུས་ཨུ་ཡོན་ལྷན་ཁང་།
2023ལོའི་ཟླ་10པའི་ཚེས་8ཉིན།