广大居民朋友们:
如果您发现有偷倒乱倒建筑垃圾行为,请及时与我们联系,您将获得一定的奖励。
一、举报范围
偷倒乱倒建筑垃圾行为指未经许可在公共场所、绿化带内、河道、公路沿线、城区空地等区域随意倾倒乱倒建筑垃圾的。
二、举报方式
居民朋友们如发现偷倒乱倒建筑垃圾行为,可通过以下方式进行举报:
1.举报热线:0893-7332662,举报时间(每天9:30-18:30);
2.24小时热线:吾间丹增(18189046413)、扎西次仁(18289036262);
3.可现场前往曲松县住房和城乡建设局(城市管理局)进行举报。
三、举报奖励
经确认属实举报信息,将对举报人给予一定的现金奖励。具体奖励标准如下:
1.提供有效线索并协助执法人员查实偷倒乱倒建筑垃圾行为的,奖励100元;
2.提供详实证据并协助执法人员查处偷倒乱倒建筑垃圾行为的,奖励金额将根据具体情况适当提高。
四、注意事项
1.举报内容应真实可靠,不得捏造事实或诬告他人;
2.举报人应提供有效的联系方式,以便执法人员在核实情况后与您联系;
3.我们将对举报人的个人信息严格保密,同时将依法保护举报人的合法权益。
衷心感谢广大居民朋友一直以来对城市管理工作的支持和配合,让我们携手共建美丽家园,共创文明曲松!
曲松县住房和城乡建设局(城市管理局)
2024年12月26日
བྱ་དགའ་ཡོད། ཆུ་གསུམ་གྱིས་ཐེར་འདོན་ཁ་པར་ཨང་གྲངས་ཁྱབ་བསྒྲགས་བྱས་འདུག
རྒྱ་ཆེའི་གྲོང་མི་གྲོགས་པོ་ལྷན་རྒྱས།
གལ་ཏེ་ཁྱེད་ཀྱིས་འཛུགས་སྐྲུན་གྱི་གད་སྙིགས་གང་བྱུང་དུ་བཤོ་བའི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ། དུས་ཐོག་ཏུ་ང་ཚོར་འབྲེལ་བ་གནང་རོགས་ཞུ་རྒྱུ་དང་། ཁྱེད་ལ་བྱ་དགའ་ ངེས་ཅན་ཞིག་ཐོབ་སྲིད།
གཅིག ཐེར་འདོན་གྱི་ཁྱབ་ཁོངས།
འཛུགས་སྐྲུན་གྱི་གད་སྙིགས་གང་བྱུང་དུ་བཤོ་བ་ཞེས་པ་ནི། ཆོག་མཆན་མ་ཐོབ་པར་མི་ཚོགས་འདུ་ས་དང་། སྔོ་འགྱུར་ཁུལ། ཆུ་ལམ། གཞུང་ལམ་གྱི་ལམ་རྒྱུད། གྲོང་ཁུལ་གྱི་ས་ སྟོང་སོགས་སུ་འཛུགས་སྐྲུན་གྱི་གད་སྙིགས་གང་བྱུང་དུ་བཤོ་བར་ཟེར།
གཉིས། ཐེར་འདོན་བྱེད་སྟངས།
གྲོང་མི་གྲོགས་པོ་ཚོས་གལ་ཏེ་འཛུགས་སྐྲུན་གྱི་གད་སྙིགས་གང་བྱུང་དུ་བཤོ་བའི་བྱ་སྤྱོད་ཤེས་རྟོགས་བྱུང་ཚེ། གཤམ་གསལ་གྱི་བྱ་ཐབས་བརྒྱུད་ཐེར་འདོན་བྱེད་ཆོག་པ་སྟེ།
༡ ཐེར་འདོན་གོང་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས། 0893-7332662དང་། ཐེར་འདོན་བྱེད་པའི་དུས་ཚོད(9:30-18:30)
༢ ཆུ་ཚོད་24ཡི་ཐད་སྦྲེལ་ཁ་པར། ཨུ་རྒྱན་བསྟན་འཛིན(18189046413)དང་བཀྲ་ཤིས་ཚེ་རིང་(18289036262)བཅས་ཡིན།
༣ ཆུ་གསུམ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད(གྲོང་ཁྱེར་དོ་དམ་ཅུད)ལ་ཕྱིན་ནས་ཐེར་འདོན་བྱས་ཆོག
གསུམ། ཐེར་འདོན་གྱི་བྱ་དགའ།
ཐེར་འདོན་བྱས་པའི་ཆ་འཕྲིན་ངོ་མ་ཡིན་པ་གཏན་འཁེལ་བྱས་ཚེ། ཐེར་འདོན་བྱེད་མཁན་ལ་དངུལ་སྨར་གྱི་བྱ་དགའ་ངེས་ཅན་སྤྲོད་རྒྱུ་ཡིན། ཞིབ་ཕྲའི་བྱ་དགའི་ཚད་གཞི་ནི་གཤམ་གསལ་ལྟར།
༡ ནུས་ལྡན་གྱི་ཁུངས་སྣེ་མཁོ་འདོན་བྱེད་ཐུབ་པ་དང་འབྲེལ། ཁྲིམས་འཛིན་མི་སྣས་འཛུགས་སྐྲུན་གྱི་གད་སྙིགས་གང་བྱུ་དུ་བཤོ་མཁན་རྩལ་ཆོད་མཐའ་གསལ་བྱེད་རྒྱུར་གཞོགས་འདེགས་བྱས་ཚེ། བྱ་དགའ་སྒོར་༡༠༠སྤྲོད་རྒྱུ།
༢ ཞིབ་ཅིང་ཕྲ་བའི་དཔང་རྟགས་མཁོ་འདོན་བྱེད་ཐུབ་པ་དང་ཆབས་ཅིག ཁྲིམས་འཛིན་མི་སྣས་འཛུགས་སྐྲུན་གྱི་གད་སྙིགས་གང་བྱུ་དུ་བཤོ་མཁན་རྩལ་ཞིབ་ཐག་གཅོད་བྱེད་རྒྱུར་གཞོགས་འདེགས་བྱས་ཚེ། བྱ་དགའི་དངུལ་གྲངས་དེ་ཞིབ་ཕྲའི་གནས་ཚུལ་ལ་ གཞིགས་ནས་འོས་འཚམ་གྱིས་མཐོ་རུ་གཏོང་རྒྱུ།
བཞི། དོ་སྣང་བྱེད་དགོས་པའི་གནད་དོན།
༡ ཐེར་འདོན་གྱི་ནང་དོན་བདེན་པ་དང་བློས་འཁེལ་དགོས་པ་ལས། དོན་དངོས་རྫུན་བཟོ་དང་མི་གཞན་ལ་སྙོན་འཛུགས་ཞུ་གཏུག་བྱས་མི་ཆོག
༢ ཐེར་འདོན་བྱེད་མཁན་གྱིས་ཁྲིམས་འཛིན་མི་སྣས་གནས་ཚུལ་ཞིབ་དཔྱད་བྱས་རྗེས། ཁྱེད་དང་འབྲེལ་གཏུག་བྱེད་བདེ་པོ་ཡོང་ཆེད། ནུས་ལྡན་གྱི་འབྲེལ་གཏུག་བྱེད་སྟངས་མཁོ་འདོན་བྱ་དགོས།
༣ ང་ཚོས་ཐེར་འདོན་བྱེད་མཁན་མི་སྒེར་གྱི་ཆ་འཕྲིན་གསང་སྲུང་ནན་པོ་བྱེད་པ་དང་དུས་མཚུངས། ཁྲིམས་ལྟར་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་ཡིན།
རྒྱ་ཆེའི་གྲོང་མི་གྲོགས་པོ་ཚོས་དུས་དང་རྣམ་པ་ཀུན་དུ་གྲོང་ཁྱེར་དོ་དམ་ལས་དོན་ལ་རྒྱབ་སྐྱོར་དང་གཞོགས་འདེགས་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་ཡང་ང་ཚོས་མུ་མཐུད་ལག་གདང་སྦྲེལ་ནས། མཛེས་སྡུག་ལྡན་པའི་ཁྱིམ་གཞིས་མཉམ་དུ་བསྐྲུན་རྒྱུ་དང་། ཤེས་དཔལ་ལྡན་པའི་ཆུ་གསུམ་མཉམ་དུ་གཏོད་རྒྱུར་འབད་བརྩོན་ཡོད་པར་མཁྱེན།
ཆུ་གསུམ་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུད(གྲོང་ཁྱེར་དོ་དམ་ཅུད) ནས།
༢༠༢༤ལོའི་ཟླ་༡༢པའི་ཚེས་༢༦ཉིན།