国家西藏电力有限公司曲松县供电公司入驻
政务服务中心公告
尊敬的广大曲松居民及企业用户:
为进一步优化营商环境,提升供电服务便捷性,实现让“数据多跑路,群众少跑腿”的目标,国家西藏电力有限公司曲松县供电公司正式入驻曲松县政务服务中心办事大厅综合缴费窗口(供电服务综窗)。现将有关事项公告如下:
一、入驻时间
自2025年2月21日起,供电服务综窗将在县政务服务中心正式对外提供服务。
二、服务地址及窗口位置
政务服务中心地址:曲松县县城内(甘旦路与格桑路交口向完小方向150米)。
供电服务综窗位于政务服务中心1楼19号窗口。
三、可办理业务范围
1.用电申请:受理新装、增容等各类用电申请,收集并审核客户的身份证、营业执照、各类委托及实验报告等相关资料,完成后资料交接给相关部门。
2.变更业务:处理更名,过户、更改用户的基本信息及系统维护;暂停恢复、容量改类、用电类别变更等用电变更业务,告知客户业务条件、流程和办理时间。
3.电费业务:电费缴纳、欠费停电、基线复电、电量电费异常问题查询及网上国网app注册等业务。
4.业扩报装后续:对业扩报装送电后的客户进行回访,为大型企业客户提供用电方案优化服务。
5.用电政策咨询:详细解读国家及地方的各项用电政策,如峰谷电价政策、新能源接入政策、节能补贴政策等。
四、服务时间
上班时间:周一至周五(法定节假日除外);10:00-13:00,下午15:30-18:30;周六日10:00-16:00 。
服务人员:次仁措姆(联系号码:13398014112),项熙(联系号码:16608177562)
供电服务综窗将严格按照政务服务中心统一工作时间为您提供服务,确保您便捷办理业务。
五、温馨提示
办理业务时,请您携带有效身份证件及相关用电资料,如房产证、营业执照等,以便工作人员快速、准确地为您办理业务。
若您对办理业务所需资料或流程有任何疑问,可提前拨打供电服务热线[0893-7337778]或政务服务中心咨询电话[0893-7332555]进行咨询。
曲松县政务服务中心
2025年2月20日
རྒྱལ་ཁབ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ཆུ་གསུམ་རྫོང་གློག་འདོན་ཀུང་སི་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་བཅའ་སྡོད་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
གུས་ཤིང་བརྩེ་བའི་རྒྱ་ཆེའི་ཆུ་གསུམ་རྫོང་གི་གྲོང་མི་རྣམ་པ་དང་ཁེ་ལས་ཀྱི་འཛད་སྤྱོད་པ་རྣམ་པ་ཚོ།
དེ་ཡང་ཚོང་གཉེར་གྱི་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་།གློག་འདོན་ཞབས་ཞུའི་སྟབས་བདེའི་རང་བཞིན་ཆེ་རུ་གཏོང་བ།“གྲངས་གཞིའི་ཐོག་ནས་གང་མང་གཉེར་ཚེ།མང་ཚོགས་འགྲོ་སྐྱོད་ཉུང་ཙམ་ཐུབ་པའི”དམིགས་ཚད་མངོན་འགྱུར་བྱ་ཆེད།རྒྱལ་ཁབ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ཆུ་གསུམ་རྫོང་གློག་འདོན་ཀུང་སི་ཆུ་གསུམ་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་ལས་གཉེར་ཚོམས་ཆེན་གྱི་ཕྱོགས་བསྡུས་གྲོན་འཇལ་སྐར་ཁུང་(གློག་འདོན་ཞབས་ཞུའི་ཕྱོགས་བསྡུས་སྐར་ཁུང་)དུ་དངོས་སུ་བཅའ་སྡོད་བྱས་ཡོད།ད་ལྟ་འབྲེལ་ཡོད་ཀྱི་དོན་ཚན་རྣམས་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
དང་པོ། བཅའ་སྡོད་བྱེད་པའི་དུས་ཚོད།
2025ལོའི་ཟླ་2པའི་ཚེས་21ཉིན་ནས་བཟུང་གློག་འདོན་ཞབས་ཞུའི་ཕྱོགས་བསྡུས་སྐར་ཁུང་གིས་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་སུ་ཕྱི་ཕྱོགས་ལ་དངོས་སུ་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན།
གཉིས་པ།ཞབས་ཞུའི་ས་གནས་དང་སྐར་ཁུང་གནས་ཡུལ།
སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་ས་གནས་ནི།ཆུ་གསུམ་རྫོང་རྫོང་གྲོང་ནང་ཁུལ(དགའ་ལྡན་ལམ་དང་སྐལ་བཟང་ལམ་གྱི་ལམ་མདོ་ནས་ཆ་ཚང་སློབ་ཆུང་ཁ་ཕྱོགས་ཀྱི་སྨི་150སར)དུ་ཡིན།
གློག་འདོན་ཞབས་ཞུའི་ཕྱོགས་བསྡུས་སྐར་ཁུང་ནི་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་ཐོག་སོ་1པོའི་སྐར་ཁུང་ཨང་19པར་གནས་ཡོད།
གསུམ་པ།ལས་སྒོའི་ཁྱབ་ཁོངས།
༡གློག་སྤྱོད་རྒྱུའི་རེ་ཞུ།གསར་དུ་སྒྲིག་སྦྱོར་དང་ཤོང་ཚད་འཕར་སྣོན་སོགས་གློག་སྤྱོད་རྒྱུའི་རེ་ཞུ་སྣ་ཚོགས་བདག་སྤྲོད་བྱེད་པ་དང་། གློག་སྤྱོད་མཁན་གྱི་ཐོབ་ཐང་ལག་ཁྱེར་དང་།ཚོང་གཉེར་ལག་ཁྱེར།མངགས་བཅོལ་སྣ་ཚོགས་དང་ཚོད་ལྟའི་སྙན་ཞུ་སོགས་འབྲེལ་ཡོད་དཔྱད་གཞི་བསྡུ་རུབ་དང་ཞིབ་བཤེར་བྱས་ཏེ།ལེགས་འགྲུབ་བྱུང་རྗེས་དཔྱད་གཞི་དག་འབྲེལ་ཡོད་སྡེ་ཚན་ལ་རྩིས་སྤྲོད་བྱེད་པ།
༢ལས་སྒོ་བསྒྱུར་བ།མིང་བསྒྱུར་བ་དང་།བདག་ཁོངས་བརྗེ་བ།སྤྱོད་མཁན་གྱི་གཞི་རྩའི་ཆ་འཕྲིན་བཟོ་བཅོས་དང་མ་ལག་སྲུང་སྐྱོང་། མཚམས་འཇོག་སླར་གསོ་དང་།ཤོང་ཚད་ཀྱི་རིགས་བསྒྱུར།གློག་སྤྱོད་ཀྱི་རིགས་བསྒྱུར་རྒྱུ་སོགས་གློག་སྤྱོད་བསྒྱུར་གྱི་ལས་སྒོ་སོགས་གཉེར་ནས། གློག་སྤྱོད་མཁན་ལ་ལས་སྒོའི་ཆ་རྐྱེན་དང་།བརྒྱུད་རིམ།ལས་གཉེར་གྱི་དུས་ཚོད་བཅས་གསལ་བཤད་བྱེད་པ།
༣གློག་རིན་གྱི་ལས་སྒོ།གློག་རིན་འཇལ་རྒྱུ་དང་།གྲོན་དངུལ་ཆད་ན་གློག་བཀག་རྒྱུ།གཞི་ཐིག་གི་གློག་འདོན་སླར་གསོ།གློག་ཚད་དང་གློག་རིན་རྒྱུན་ལྡན་མིན་པའི་གནད་དོན་འདྲི་རྩད་བྱེད་པ་དང་།དྲ་ཐོག་གི་རྒྱལ་ཁབ་གློག་དྲའི་appཐོ་འགོད་སོགས་ཀྱི་ལས་སྒོ་གཉེར་རྒྱུ།
༤ལས་སྒོ་རྒྱ་བསྐྱེད་ཀྱི་སྙན་ཞུ་སྒྲིག་སྦྱོར་དང་རྗེས་མཐུད།ལས་སྒོ་རྒྱ་བསྐྱེད་སྙན་ཞུ་སྒྲིག་སྦྱོར་དང་གློག་བསྐྱལ་ཟིན་པའི་གློག་སྤྱོད་མཁན་ལ་འཚམས་འདྲི་བྱས་ནས།ཁེ་ལས་ཆེ་གྲས་ཀྱི་གློག་སྤྱོད་མཁན་ལ་གློག་སྤྱོད་ཇུས་གཞི་ལེགས་གཏོང་གི་ཞབས་ཞུ་མཁོ་འདོན་བྱེད་རྒྱུ།
༥གློག་སྤྱོད་སྲིད་ཇུས་སྐོར་གྱི་བློ་འདྲི།རྒྱལ་ཁབ་དང་ས་གནས་ཀྱི་གློག་སྤྱོད་སྲིད་ཇུས་ཁག་དཔེར་ན། སྤྱོད་མང་ཉུང་གི་གློག་རིན་གྱི་སྲིད་ཇུས་དང་།ནུས་རྒྱུ་གསར་པའི་མཐུད་འཇུག་སྲིད་ཇུས།ནུས་ཁུངས་གྲོན་ཆུང་ཁ་གསབ་ཀྱི་སྲིད་ཇུས་སོགས་ལ་གསལ་འགྲེལ་ཞིབ་ཕྲ་བྱེད་རྒྱུ།
བཞི་པ།ཞབས་ཞུའི་དུས་ཚོད།
ལས་གཉེར་དུས་ཚོད།གཟའ་ཟླ་བ་ནས་གཟའ་པ་སངས་བར(བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་དུས་ཆེན་དང་གུང་གསེང་ཕུད)སྔ་དྲོའི་ཆུ་ཚོད་10:00ནས་13:00བར་དང་།ཕྱི་དྲོའི་ཆུ་ཚོད་15:30ནས་18:30བར་ཡིན།གཟའ་སྤེན་པ་དང་གཟའ་ཉི་མར་ཆུ་ཚོད་10:00ནས་16:00བར་ཡིན།
ཞབས་ཞུའི་མི་སྣ།ཚེ་རིང་མཚོ་མོ།འབྲེལ་གཏུག་ཁ་པར་ཨང་གྲངས།13398014112དང་། ཤང་ཞི།འབྲེལ་གཏུག་ཁ་པར་ཨང་གྲངས།16608177562
གློག་འདོན་ཞབས་ཞུའི་ཕྱོགས་བསྡུས་སྐར་ཁུང་གིས་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་གཅིག་གྱུར་གྱི་ལས་ཀའི་དུས་ཚོད་གཞིར་བཟུང་སྐུ་ཉིད་ལ་ཞབས་ཞུ་གང་ལེགས་བྱ་རྒྱུ་དང་། སྐུ་ཉིད་སྟབས་བདེའི་ངང་ལས་སྒོ་སྒྲུབ་ཐུབ་རྒྱུར་འགན་ལེན་བྱ་རྒྱུ་ཡིན།
ལྔ་པ། ཤ་ཚའི་དྲན་སྐུལ།
ལས་སྒོ་གཉེར་སྐབས། སྐུ་ཉིད་ནས་རང་གི་ནུས་ལྡན་གྱི་གྲོང་མིའི་ཐོབ་ཐང་ལག་ཁྱེར་དང་འབྲེལ་ཡོད་གློག་སྤྱོད་དཔྱད་གཞི་དཔེར་ན། ཁང་སའི་ཐོན་ཁུངས་ལག་ཁྱེར་དང་།ཚོང་གཉེར་ལག་ཁྱེར་སོགས་ཁྱེར་ནས་ལས་དོན་མི་སྣས་མགྱོགས་མྱུར་དང་ཡང་དག་པའི་སྒོ་ནས་ཁྱེད་ལ་ལས་སྒོ་སྒྲུབ་རྒྱུར་སྟབས་བདེ་ཡོང་བ་བྱེད་དགོས།
གལ་ཏེ་ཁྱེད་ཀྱིས་ལས་སྒོ་སྒྲུབ་པར་མཁོ་བའི་དཔྱད་གཞིའི་ཡིག་རིགས་སམ་གོ་རིམ་ལ་དོགས་གཞི་གང་རུང་ཞིག་ཡོད་ཚེ། ལས་གཉེར་མ་བྱས་སྔོན་ལ་གློག་འདོན་ཞབས་ཞུའི་ཐད་སྦྲེལ་ཁ་པར(0893-7337778)སམ་ཡང་ན་སྲིད་དོན་ཞབས་ཞུའི་ལྟེ་གནས་ཀྱི་བློ་འདྲིའི་ཁ་པར(0893-7332555)ལ་ཁ་པར་བརྒྱབ་ནས་བློ་འདྲི་གནང་ཆོག
ཆུ་གསུམ་རྫོང་སྲིད་དོན་ཞབས་ཞུའི་ལྟེ་གནས་ནས།
2025ལོའི་ཟླ་2པའི་ཚེས་20ཉིན།