关于县政务服务中心电力业务咨询窗口暂停服务的通知
广大市民朋友:
因国网曲松县供电公司现有内网机房位于曲松县人民政府大院,该区域近期实施拆迁,公司拟将内网机房搬迁至新建生产综合用房(地址:自来水公司旁)。由于搬迁工作涉及光缆、设备调配及采购等多种具体工作,需一定的时间筹备和执行;经确认,此项工作预计于9月中旬完成。
为保障搬迁期间电力服务平稳过渡,自本通知发布之日起,县政务服务中心电力业务咨询窗口暂停服务。暂停服务期间,市民如需办理电力业务咨询,可前往国网曲松县供电公司新建生产综合用房(自来水公司旁)办理。
由此给您带来的不便,敬请谅解。感谢您对政务服务工作的理解与支持!
曲松县政务服务中心
2025年7月15日
རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་གློག་ཤུགས་ལས་སྒོའི་བློ་འདྲིའི་སྐར་ཁུང་
གི་ཞབས་ཞུ་གནས་སྐབས་མཚམས་འཇོག་བྱ་རྒྱུའི་སྐོར་གྱི་བརྡ་ཐོ།
རྒྱ་ཆེའི་གྲོང་མི་ལྷན་རྒྱས།
རྒྱལ་ཁབ་གློག་དྲ་ཆུ་གསུམ་རྫོང་གློག་མཁོ་འདོན་ཀུང་སིའི་ད་ཡོད་ཀྱི་ནང་ཁུལ་གློག་དྲའི་ཁང་པ་དེ་ཆུ་གསུམ་རྫོང་མི་དམངས་སྲིད་གཞུང་གི་སྒོ་རའི་ནང་དུ་གནས་ཡོད། ད་ལྟ་གློག་དྲའི་ཁང་པ་གནས་ཡུལ་གྱི་ས་ཁོངས་ལ་བཤིག་སྤོ་བྱེད་པའི་ལས་སྒྲ་སྤེལ་བཞིན་ཡོད་པས། ཀུང་སིས་ནང་ཁུལ་གྱི་གློག་དྲའི་ཁང་པ་དེ་གསར་དུ་བསྐྲུན་པའི་ཐོན་སྐྱེད་ཕྱོགས་བསྡུས་ཁང་པར(གནས་ཡུལ། རང་འབབ་ཆུ་འདྲེན་ཀུང་སིའི་འགྲམ་དུ)སྤོ་རྩིས་ཡོད། གནས་སྤོ་བྱེད་པར་འོད་འཁྲིད་ཚི་སྐུད་དང་། སྒྲིག་ཆས་སྒྲིག་སྦྱོར་གནས་སྤོ་བྱེད་པ། ཉོ་སྒྲུབ་བྱེད་པ་སོགས་ཞིབ་ཕྲའི་ལས་དོན་མང་དག་ཅིག་སྤེལ་དགོས་ཀྱི་ཡོད་པས། གྲ་སྒྲིག་དང་ལག་བསྟར་བྱེད་པར་དུས་ཚོད་ངེས་ཅན་ཞིག་དགོས་ཀྱི་ཡོད། ལས་དོན་དེ་སྔོན་དཔག་བྱས་ན་ཟླ་༩པའི་ཟླ་དཀྱིལ་དུ་ལེགས་སྒྲུབ་ཡོང་བ་བྱ་རྒྱུ་ཡིན།
དེར་བརྟེན། གནས་སྤོ་བྱེད་རིང་། གློག་ཤུགས་ཞབས་ཞུ་བརྟན་པོའི་ངང་བར་བརྒལ་ཐུབ་པའི་འགན་ལེན་བྱ་ཆེད། བརྡ་ཐོ་འདི་ཁྱབ་བསྒྲགས་བྱས་པའི་ཉིན་ནས་བཟུང་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ཀྱི་གློག་ཤུགས་ལས་སྒོའི་བློ་འདྲིའི་སྐར་ཁུང་དུ་ཞབས་ཞུ་བྱེད་མཚམས་འཇོག་རྒྱུ་ཡིན། གནས་སྐབས་ཞབས་ཞུ་མཚམས་འཇོག་རིང་། གྲོང་མི་རྣམས་གལ་ཏེ་གློག་ཤུགས་ལས་སྒོའི་སྐོར་བློ་འདྲི་བྱེད་དགོས་ཚེ། རྒྱལ་ཁབ་གློག་དྲ་ཆུ་གསུམ་རྫོང་ཀུང་སིས་གསར་དུ་བསྐྲུན་པའི་ཐོན་སྐྱེད་ཕྱོགས་བསྡུས་ཀྱི་ཁང་པར(རང་འབབ་ཆུ་འདྲེན་ཀུང་སིའི་འགྲམ)བློ་འདྲི་བྱེད་པར་ཕེབས་རོགས།
དེས་རྐྱེན་པས་སྐུ་ཉིད་ལ་སྟབས་མི་བདེ་བ་བཟོས་པར་དགོངས་བཞེས་གནང་རོགས་ཞུ་རྒྱུ་ཡིན། རྒྱ་ཆེའི་གྲོང་མི་རྣམ་པས་སྲིད་དོན་ཞབས་ཞུའི་ལས་དོན་ལ་བསམ་ཤེས་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
ཆུ་གསུམ་རྫོང་སྲིད་དོན་ཞབས་ཞུ་ལྟེ་གནས་ནས།
༢༠༢༥ལོའི་ཟླ་༧པའི་ཚེས་༡༥ཉིན།