" />
山南市人民政府
今天是: 2018年9月10日 星期一
当前位置: 首页>新闻中心 > 通告公示

曲松县2026年“欢乐曲松 贺新年·会” 展销会活动企业报名通知

2026-01-27 04:49:03 来源:曲松县发展改革和经信商务局

为深入贯彻落实中央、区党委、市委和县委经济工作会议精神,推动消费持续恢复,促进各民族交往交流交融,丰富群众精神文化生活,繁荣市场经济,激发消费市场活力,拟在全县范围内开展“欢乐曲松 贺新年·会”展销会活动,现将企业报名事宜通知如下:

一、报名时间

2026年1月27日至1月30日18:00

二、报名条件

曲松县依法注册经营的零售百货(含农特产品、干果、服装、饰品、民族手工艺品)、家电家具企业经营(个体工商户)。根据春节、藏历新年群众办年货对商品品种的需求,适当邀请县外商户参展。

三、报名方式

(一)线下报名

本人携带营业执照、法人身份证复印件前往本辖区乡(镇)人民政府报名,城区及县外商户前往曲松镇人民政府报名。

(二)线上报名

报名电话:格桑德吉 18889038847

四、展位设置

此次展销会活动设在曲松县德吉路西段(中国农业银行下洛支行至县中学桥),展位搭建工作由曲松镇负责,曲松社区实施,展位费由曲松镇确定。拟设立100个展位,单个展位规格为4.5米×3米,桁架架构,篷布材料为外包广告喷绘布。

摊位有限,先报先得,若因报名不及时导致未分配到摊位不再另作安排。

五、具体要求

1.严禁倒卖、贩卖以及私自更换展区摊位等行为,不得在指定区域外私搭乱建。

2.参展企业、商户、个人要遵纪守法、服从管理,积极配合现场指挥部安排各项工作,严禁破坏周边公共设施。

3.展销会期间,参展商户和个人需携带营业执照等相关证件,确保诚实守信、文明经营,明码标价、保质保量。

4.参展期间,各参展企业、商户、个人要注意道路交通安全、财物安全等事项,确保展销活动顺利进行。

5.参展商户严禁携带或销售管制刀具、易燃易爆、有毒有害物品,确保展会安全稳定。

6.按照消防管理相关规定,参展商户、企业、个人每个摊位需自备至少1个4公斤以上有效灭火器,帐篷内不得私拉乱接电线,不得使用大功率电器、液化气罐等危险品。

公告期内未报名视为自动放弃参与活动机会。

曲松县发展改革和经信商务局

2026年1月27日


ཆུ་གསུམ་རྫོང་གི་2026ལོའིབདེ་སྐྱིད་དང་སྤྲོ་བས་ཁེངས་པའི་ཆུ་གསུམ་ཡུལ་གྱིས།གནམ་ལོ་གསར་པར་རྟེན་འབྲེལ་ཞུ་བའི་ཚོང་འདུསཞེས་པའི་འགྲེམ་འཚོང་

བྱེད་སྒོར་ཁེ་ལས་ཀྱི་མིང་ཐོ་འགོད་པའི་སྐོར་གྱི་བརྡ་ཐོ

རང་སྐྱོང་ལྗོངས་དང་།གྲོང་ཁྱེར།རྫོང་བཅས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་དང་དཔལ་འབྱོར་བརྟན་དུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནསའཛད་སྤྱོད་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེདགཏོང་བའི་ནུས་པ་ཆེ་རུ་བཏང་སྟེ།འཛད་སྤྱོད་ཀྱི་གདེང་ཚོད་སྔར་བས་ཆེ་རུ་གཏོང་བ་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ།འཛད་སྤྱོད་ཀྱི་ཁྲོམ་ར་སྔར་བས་དར་རྒྱས་བཅས་གཏོང་ཆེད།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་དུས་འདིར།བདེ་སྐྱིད་དང་སྤྲོ་བས་ཁེངས་པའི་ཆུ་གསུམ་ཡུལ་གྱིས། གནམ་ལོ་གསར་པར་རྟེན་འབྲེལ་ཞུ་བའི་ཚོང་འདུསཞེས་པའི་འགྲེམ་འཚོང་བྱེད་སྒོ་སྤེལ་རྒྱུ་ཡིན་པས། ད་ལྟ་བྱེད་སྒོའི་ནང་ཞུགས་པའི་ཁེ་ལས་་མིང་ཐོ་འགོད་པའི་དོན་དག་ཐད་བརྡ་ཐོ་གཏོང་རྒྱུ་གཤམ་གསལ

དང་པོ།མིང་ཐོ་འགོད་པའི་དུས་ཚོད

2026ལོའི་ཟླ་1པོའི་ཚེས་27ཉིན་ནས་ཟླ་1པོའི་ཚེས་30ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པའི་བར།

གཉིས་པམིང་ཐོ་འགོད་པའི་ཆ་རྐྱེན།

ཆུ་གསུམ་རྫོང་གི་ཁྲིམས་ལྟར་ཐོ་འགོད་བྱས་པའི་གཉེར་སྐྱོང་སིལ་འཚོང་ཀྱི་ཚོང་ཟོག་སྣ་འཛོམས་ཚོང་ཁང༌(ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་དང་།  སྐམ་འབྲས།  གྱོན་ཆས། རྒྱན་ཆ།     མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་ཚུད་ཡོད)དང་ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་ཁེ་ལས་གཉེར་སྐྱོང་(ཁེར་རྐྱང་ཚོང་དུད)བཅས་དང་།དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རྐྱེན་པས་མང་ཚོགས་ཀྱིས་ལོ་གསར་ཚོང་ཟོག་ཉོ་བའི་དགོས་མཁོ་གཞིར་བཟུང་འོས་འཚམ་གྱིས་རྫོང་ཕྱི་རོལ་གྱི་ཚོང་པ་འགྲེམས་ཚོགས་ལ་གདན་འདྲེན་ཞུ་རྒྱུ།

གསུམ་པ། མིང་ཐོ་བཀོད་ཐབས།

གཅིགས་ཡུལ་དངོས་སུ་མིང་ཐོ་འགོད་ཐབས

རང་ཉིད་ཀྱི་ཚོང་གཉེར་ལག་ཁྱེར་དང་ཁྲིམས་མིའི་ཐོབ་ཐང་ལག་ཁྱེར་གྱི་བསྐྱར་དཔར་འཁྱེར་ནས་རང་གནས་སའི་མངའ་ཁོངས་ཀྱི་ཤང་(གྲོང་རྡལ)མི་དམངས་སྲིད་གཞུང་དུ་མིང་ཐོ་འགོད་རྒྱུ་དང་།     གྲོང་ཁུལ་དང་རྫོང་ཕྱི་རོལ་གྱི་ཚོང་པ་རྣམས་ཆུ་གསུམ་གྲོང་རྡལ་མི་དམངས་སྲིད་གཞུང་དུ་མིང་ཐོ་འགོད་རྒྱུ།

གཉིས།དྲ་ཐོག་ནས་མིང་ཐོ་འགོད་ཐབས

དྲ་ཐོག་ཐོ་འགོད་བྱེད་པའི་འབྲེལ་གཏུག་མི་སྣ་དང་ཁ་པར་ཨང་གྲངས།

སྐལ་བཟང་བདེ་སྐྱིད། 18889038847

བཞི་པ།     འགྲེམས་གནས་བཀོད་སྒྲིག

ད་ཐེངས་འགྲེམས་ཚོང་ཚོགས་འདུའི་བྱེད་སྒོ་དེ་ཆུ་གསུམ་རྫོང་བདེ་སྐྱིད་ལམ་གྱི་ནུབ་རྒྱུད་དུམ་བུ(ཀྲུང་གོ་ཞིང་ལས་དངུལ་ཁང་ཤག་ལྷོ་ཉིང་ལག་དངུལ་ཁང་ནས་རྫོང་སློབ་འབྲིང་ཟམ་པའི་བར)དུ་བཀོད་སྒྲིག་བྱ་རྒྱུ་དང་འགྲེམས་གནས་རྒྱག་པའི་ལས་དོན་དེ་ཆུ་གསུམ་གྲོང་རྡལ་གྱིས་འགན་འཁུར་རྒྱུ་དང་།   ཆུ་གསུམ་སྡེ་ཁུལ་ནས་ལག་བསྟར་བྱ་རྒྱུ།འགྲེམས་གནས་ཀྱི་དངུལ་ནི་ཆུ་གསུམ་གྲོང་རྡལ་ས་གཏན་འཁེལ་བྱ་རྒྱུ། སྔོན་དཔག་བྱས་ན་འགྲེམས་གནས་100ཡོད་པ་དང་འགྲེམས་གནས་རྐྱང་པའི་ཚད་གཞི་སྨི་4.5×3ཡིན་པ་དང་།     ལྕགས་སྒྲོམ་གྱི་སྒྲོམ་གཞི་བཟོ་རྒྱུ་དང་།     བརྡ་ཁྱབ་དུ་སྤྱོད་པའི་རས་ཀྱི་ཕྱི་ཐུམ་རྒྱག་རྒྱུ།

འགྲེམས་གནས་ཚད་གཞི་ཡོད་པས་སྔོན་ལ་ཐོ་འགོད་བྱས་ན་སྔོན་ལ་ཐོབ་པ་དང་།     གལ་ཏེ་མིང་ཐོ་དུས་ཐོག་དུ་མ་བཀོད་པའི་དབང་གིས་འགྲེམས་གནས་ཁག་བགོས་བྱུང་མེད་ན་དེ་མིན་གྱི་བཀོད་སྒྲིགབྱེད་རྒྱུ་མིན།  

ལྔ་པ།     ཞིབ་ཕྲའི་བླང་བྱ་དང་རེ་བ།

1. བར་འཚོང་དང་ལྐོག་འཚོང་།     དེ་བཞིན་རང་དགར་འགྲེམས་གནས་གྱི་ཁྲོམ་སྟེགས་བརྗེ་བ་སོགས་ཀྱི་བྱ་སྤྱོད་ཏན་འགོག་བྱེད་རྒྱུ་དང་།གཏན་འཁེལ་བྱས་པའི་ས་ཁོངས་ཕུད་པའི་ཕྱི་རོལ་དུ་སྒེར་གྱིས་གང་བྱུང་དུ་འཛུགས་སྐྲུན་བྱས་མི་ཆོག

2.འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་དང་ཚོང་དུད།མི་སྒེར་བཅས་ཀྱིས་སྒྲིག་བཀུར་ཁྲིམས་སྲུང་དང་དོ་དམ་ལ་བརྩི་སྲུང་ཞུས་ཏེ་ས་གནས་ས་ཐོག་གི་བཀོད་འདོམས་པུའུ་ལ་གཞོགས་འདེགས་ཧུར་ཐག་བྱས་ནས་ལས་དོན་ཁག་བཀོད་སྒྲིག་བྱས་ཏེ་མཐའ་འཁོར་གྱི་སྤྱི་པའི་སྒྲིག་བཀོད་ལ་གཏོར་བཤིག་གཏོང་རྒྱུ་གཏན་འགོག་བྱེད་དགོས།

3.འགྲེམས་ཚོང་བྱེད་རིང་འགྲེམས་སྟོན་ནང་ཞུགས་མཁན་ཚོང་དུད་དང་མི་སྒེར་གྱིས་ལས་གཉེར་ལག་ཁྱེར་སོགས་འབྲེལ་ཡོད་ལག་ཁྱེར་འཁྱེར་ནས་ཁ་དན་ཚིག་གནས་དང་།ཡ་རབས་ངང་ལས་གཉེར།རིན་གོང་གསལ་འགོད།སྤུས་འབོར་གཉིས་ལྡན་བཅས་ཡོང་བའི་འགན་ལེན་བྱེད་དགོས།

4.འགྲེམས་སྟོན་ནང་ཞུགས་རིང་འགྲེམས་སྟོན་ནང་ཞུགས་མཁན་ཁེ་ལས་དང་ཚོང་དུད།མི་སྒེར་བཅས་ཀྱིས་གཞུང་ལམ་འགྲིམ་འགྲུལ་གྱི་བདེ་འཇགས་དང་རྒྱུ་ནོར་གྱི་བདེ་འཇགས་སོགས་ཀྱི་གནད་དོན་ལ་དོ་སྣང་བྱས་ཏེ་འགྲེམས་ཚོང་བྱེད་སྒོ་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།

5.འགྲེམས་སྟོན་ནང་ཞུགས་མཁན་ཚོང་དུད་ཀྱིས་དོ་དམ་བྱེད་པའི་གྲི་ཆས་དང་།འབར་གས་སླ་བ།དུག་ལྡན་གནོད་ལྡན་བཅས་ཀྱི་དངོས་རྫས་འཁྱེར་བའམ་ཡང་ན་ཕྱིར་ཚོང་བྱ་རྒྱུ་གཏན་འགོག་བྱས་ནས་འགྲེམས་ཚོགས་བདེ་འཇགས་དང་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས།

6.མེ་ཟོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།འགྲེམས་སྟོན་ནང་ཞུགས་མཁན་ཚོང་དུད་དང་ཁེ་ལས།མི་སྒེར་བཅས་ཀྱི་ཁྲོམ་བཀྱག་རེར་ཉུང་མཐར་ཡང་སྤྱི་རྒྱ་4ཡན་གྱི་ནུས་ལྡན་མེ་གསོད་ཡོ་བྱད་རེ་གྲ་སྒྲིག་བྱེད་དགོས་པ་དང་།གུར་ནང་གློག་སྐུད་རང་དགར་འཐེན་མི་ཆོག་པ།ནུས་ཚད་ཆེ་བའི་གློག་ཆས་དང་རླངས་འགྱུར་རླངས་སྣོད་སོགས་ཉེན་ཆེའི་དངོས་རྫས་སྤྱོད་མི་ཆོག

སྤྱི་བསྒྲགས་ཀྱི་དུས་ཡུན་ནང་མིང་ཐོ་མ་བཀོད་ཚེ་རང་འགུལ་གྱིས་བྱེད་སྒོའི་ནང་ཞུགས་པའི་གོ་སྐབས་དོར་བར་བརྩི་རྒྱུ།

ཆུ་གསུམ་རྫོང་འཕེལ་རྒྱས་སྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད་ནས།

2025ལོའི་ཟླ་1པོའི་ཚེས་27ཉིན

扫一扫在手机打开当前页