为深入贯彻落实区、市、县关于促消费、稳经济的系列决策部署,充分发挥消费拉动经济增长的基础性作用,进一步提振市场消费信心、释放居民消费潜力、繁荣县域消费市场,值此春节、藏历新年双节来临之际,拟开展“欢乐曲松 贺新年·会”主题促消费活动。现将企业报名事宜通知如下:
一、主办单位及合作平台
指导单位:山南市商务局
主办单位:中共曲松县委员会、曲松县人民政府
承办单位:曲松县发展改革和经信商务局
执行单位:中国农业银行股份有限公司
技术、服务支持:中国农业银行曲松县支行
二、报名时间
2026年1月27日至1月30日18:00
三、报名方式
线下报名:携带营业执照、法人身份证等有效证件到中国农业银行曲松县支行,在工作人员协助下完成报名。
线上报名:微信扫描下方二维码,填写相关信息并提交完成报名。

四、报名条件
报名参加此次活动的商家需符合以下条件:
1.在曲松县依法注册,且有经营实体门店的餐饮、住宿、成品油、零售百货(含农特产品、干果、服装、饰品、民族手工艺品等)和家电家具业态企业(个体工商户);
2.提供真实有效的报名资料,通过虚假资料、虚假承诺骗取报名资格的,视为套取政府补贴行为,情节严重的将追究其法律责任;
3.报名商户需在交易区域安装全覆盖无死角的监控设备设施,要求全部交易在监控下进行且监控记录至少能保存大于30天并覆盖全部活动期间的监控录像记录,便于后期市场审计巡检人员对可疑交易进行调用取证;
4.签订《商户参与曲松县促消费活动信用承诺书》及其他活动要求的文书,落实好活动相关事项;
5.承诺严格按照相关法律法规和规定配合政府相关部门开展促消费活动;守法诚信经营,能积极履行社会责任,不存在违法失信等问题,保障活动安全有效开展;保证促销商品、服务质量安全可靠,活动期间严禁出现抬价、质量不合格、虚假交易、远程交易、失真交易、拆单交易、套取补贴等违规违法行为。
同时满足上述条件的企业,可以报名参与活动。同一企业仅可在“餐饮、住宿”消费立减、“百货零售”消费立减、“成品油”消费立减、家电家具消费立减四项活动中选择一种参加。
五、注意事项
(一)因政府消费满减属于惠民补贴,不纳入征税范围,发票金额按照实付金额开具(即发票金额=交易金额-优惠金额)。
(二)严禁通过虚假交易、拆单交易、转发收/付款码照片或视频交易的远程核销;严禁通过社交软件、网络平台等信息渠道,发布、传播套取政府惠民消费补贴;严禁消费补贴提现、售卖、转让、转赠他人;活动不允许以任何形式进行预充值;严禁参与商家变相加价、产品质量出现问题、代收款、不兑现优惠承诺、消极处理消费投诉;以及其他未尽的违规违法行为。若出现上述情况中国农业银行曲松县支行有权从优惠资金中直接扣除套利金额和举报奖励。
(三)消费者定位需在商家店铺一定范围,否则无法享受优惠。消费者如需享受优惠视为自愿授权,提供位置信息。
(四)商家在活动期间需开启收银台监控并保留完整的监控视频,对有争议的订单可通过监控查看实际情况。若有疑似套刷优惠的交易商家无法提供监控自证,则直接按套刷优惠处理。
(五)本次活动所有时间点以中国农业银行曲松县支行系统时间(北京时间)为准。如出现不可抗力或情势变更等情况(如重大灾害事件、受到有权机关指令需停止或调整的、系统故障需暂停的、活动中存在违规作弊行为损害消费者权益的),在法律许可的范围内,中国农业银行曲松县支行保留调整、暂停和终止本活动的权利,并经公告后生效。
(六)用户参与活动即视为理解并同意本活动细则。若消费者发现已发布的活动门店信息、商户地址与实际不符,可向中国农业银行曲松县支行反映,中国农业银行曲松县支行将积极协调解决。如对商户积分、会员卡、商品、商户发起的其他活动有疑问,请咨询活动商户。
(七)参与本次活动的商家要强化主体责任,规范经营行为,严格遵守《规范促销行为暂行规定》做好安全生产工作,兑现优惠承诺,及时处理消费投诉。
未落实上述注意事项或出现主办方认定的违规违法行为,主办方有权取消违规商家、消费者的活动参与资格,并保留追究法律责任的权利,情节严重涉嫌犯罪的,将移交司法机关处理。
六、咨询举报
活动期间,消费者如有领取电子消费券方面的疑问或侵犯消费者合法权益、活动参与商家套现等方面违法违规行为,可通过以下电话进行咨询、投诉、举报。
1.中国农业银行曲松县支行客服电话:17789939599,18089934825
2.技术问题咨询电话:17789939599
3.举报投诉热线:0893-7855150,0893-7332117
公告期内未报名视为自动放弃参与活动机会。
曲松县发展改革和经信商务局
2026年1月27日
ཆུ་གསུམ་རྫོང་གི་2026ལོའི“བདེ་སྐྱིད་དང་སྤྲོ་བས་ཁེངས་པའི་ཆུ་གསུམ་ཡུལ་གྱིས། གནམ་ལོ་གསར་པར་རྟེན་འབྲེལ་ཞུ་བའི་ཚོང་འདུས” ཞེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོར་ཁེ་ལས་ཀྱིས་མིང་ཐོ་འགོད་པའི་སྐོར་གྱི་སྤྱི་བསྒྲགས།
རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་བཅས་ཀྱི་འཛད་སྤྱོད་ལ་སྐུལ་འདེད་དང་དཔལ་འབྱོར་བརྟན་དུ་གཏོང་རྒྱུའི་སྐོར་གྱི་འབྲེལ་ཡོད་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ནས། འཛད་སྤྱོད་ཀྱིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནུས་པ་ཆེ་རུ་བཏང་སྟེ། འཛད་སྤྱོད་ཀྱི་གདེང་ཚོད་སྔར་བས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔར་བས་འདོན་སྤེལ་བྱེད་པ། འཛད་སྤྱོད་ཀྱི་ཁྲོམ་ར་སྔར་བས་དར་རྒྱས་བཅས་གཏོང་ཆེད། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་དུས་འདིར།
“བདེ་སྐྱིད་དང་སྤྲོ་བས་ཁེངས་པའི་ཆུ་གསུམ་ཡུལ་གྱིས། གནམ་ལོ་གསར་པར་རྟེན་འབྲེལ་ཞུ་བའི་ཚོང་འདུས”ཞེས་པའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་རྒྱུ་ཡིན་པས། ད་ལྟ་བྱེད་སྒོའི་ནང་ཞུགས་པའི་ཁེ་ལས་ལ་མིང་ཐོ་འགོད་པའི་དོན་དག་ཐད་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
དང་པོ། གཙོ་གཉེར་ཚན་པ་དང་མཉམ་ལས་ཀྱི་ལས་སྟེགས།
མཛུབ་ཁྲིད་ཚན་པ། ལྷོ་ཁ་གྲོང་ཁྱེར་ཚོང་དོན་ཅུད།
གཙོ་གཉེར་ཚན་པ། ཀྲུང་གུང་ཆུ་གསུམ་རྫོང་ཨུ་ཡོན་ལྷན་ཁང་དང་ཆུ་གསུམ་རྫོང་མི་དམངས་སྲིད་གཞུང་།
སྒྲུབ་འགན་ཚན་པ། ཆུ་གསུམ་རྫོང་འཕེལ་རྒྱས་བསྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད།
ལག་བསྟར་བྱེད་མཁན་གྱི་ཚན་པ། ཀྲུང་གོ་ཞིང་ལས་དངུལ་ཁང་མ་རྐང་ཚད་ཡོད་ཀུང་སི།
ལག་རྩལ་དང་ཞབས་ཞུའི་རྒྱབ་སྐྱོར་བྱེད་མཁན། ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་གསུམ་རྫོང་ཉིང་ལག་དངུལ་ཁང་།
གཉིས་པ། མིང་ཐོ་འགོད་པའི་དུས་ཚོད།
2026ལོའི་ཟླ་1པོའི་ཚེས་27ཉིན་ནས་ཟླ་1པོའི་ཚེས་30ཉིན་གྱི་ཕྱི་དྲོའི་ཆུ་ཚོད་6པའི་བར།
གསུམ་པ། མིང་ཐོ་འགོད་སྟངས།
ས་ཡུལ་དངོས་སུ་མིང་ཐོ་འགོད་རྒྱུ་སྟེ། ལས་གཉེར་ལག་ཁྱེར་དང་ཁྲིམས་མིའི་ཐོབ་ཐང་ལག་ཁྱེར་
སོགས་ནུས་ལྡན་གྱི་དཔང་ཡིག་འཁྱེར་ནས་ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་གསུམ་རྫོང་ཉིང་ལག་དངུལ་ཁང་དུ་བསྐྱོད་ནས་ལས་ཀའི་མི་སྣ་གཞོགས་འདེགས་འོག་མིང་ཐོ་འགོད་རྒྱུ།
དྲ་ཐོག་ནས་མིང་ཐོ་འགོད་རྒྱུ་སྟེ། འཕྲིན་ཐུང་འོག་གི་རྩ་གཉིས་རྟགས་རིས་བཤར་ཕབ་བྱས་ཏེ་འབྲེལ་ཡོད་ནང་དོན་འབྲི་རྒྱུ་དང་ཡར་སྐྱེལ་ཞེས་པ་མནན་ནས་མིང་ཐོ་འགོད་རྒྱུ།

བཞི་པ། མིང་ཐོ་འགོད་པའི་ཆ་རྐྱེན།
ད་ཐེངས་ཀྱི་བྱེད་སྒོར་ཞུགས་རྒྱུའི་མིང་ཐོ་བཀོད་པའི་ཚོང་པར་གཤམ་གསལ་གྱི་ཆ་རྐྱེན་འཛོམས་དགོས་པ་སྟེ།
1.ཆུ་གསུམ་རྫོང་དུ་ཁྲིམས་ལྟར་ཐོ་འགོད་བྱས་པ་མ་ཟད། གཉེར་སྐྱོང་བྱེད་བཞིན་ཡོད་པའི་ཚོང་ཁང་དངོས་སུ་བསྟན་རྒྱུ་ཡོད་པའི་བཟའ་བཏུང་དང་། ཞག་སྡོད། བཅོས་སྣུམ། སིལ་ཚོང་གི་བརྒྱ་ཟོག(ཞིང་ལས་ཁྱད་ལྡན་ཐོན་རྫས་དང་། ཤིང་འབྲས་སྐམ་པོ། གྱོན་ཆས། རྒྱན་ཆ། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་སོགས་ཚུད་ཡོད)དང་ཁྱིམ་སྤྱོད་གློག་ཆས་སོགས་ཀྱི་རྣམ་པའི་ཁེ་ལས(ཁེར་རྐྱང་ཚོང་དུད)དག
2.དོན་དངོས་ནུས་ལྡན་གྱི་མིང་ཐོ་འགོད་པའི་དཔྱད་ཡིག་མཁོ་འདོན་བྱེད་དགོས་པ་ལས། དཔྱད་ཡིག་རྫུན་མ་དང་ཁས་ལེན་རྫུན་མ་བྱས་ནས་མིང་ཐོ་འགོད་པའི་ཐོབ་ཐང་གཡོ་ལེན་བྱས་རིགས་ལ་སྲིད་གཞུང་གི་ཁ་གསབ་གཡོ་ལེན་བྱས་པར་བརྩི་རྒྱུ་དང་། གནས་ཚུལ་ཚབས་ཆེ་རིགས་ལ་དེའི་བཅའ་ཁྲིམས་ཀྱི་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།
3.མིང་ཐོ་འགོད་པའི་ཚོང་དུད་ཀྱིས་ཉོ་ཚོང་ས་ཁོངས་སུ་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཡོངས་སུ་སྒྲིག་སྦྱོར་བྱེད་དགོས་པ་དང་ལྟ་སྐུལ་ཚོད་འཛིན་སྒྲིག་ཆས་ཀྱིས་མི་མཐོང་བའི་ས་ཆ་མེད་པར་བྱེད་དགོས་ལ། ཉོ་ཚོང་ཚང་མ་ལྟ་སྐུལ་ཚོད་འཛིན་འོག་བྱེད་དགོས་པའི་བླང་བྱ་འདོན་དགོས་པ་མ་ཟད། ལྟ་སྐུལ་ཚོད་འཛིན་གྱི་ཟིན་ཐོ་མ་མཐར་ཡང་ཉིན་30ལས་བརྒལ་དགོས་ལ། བྱེད་སྒོའི་རིང་གི་ལྟ་སྐུལ་ཚོད་འཛིན་གྱི་ཟིན་ཐོ་ཉར་ཚགས་གང་ལེགས་བྱས་ནས། དུས་མཇུག་གི་ཁྲོམ་རའི་རྩིས་བཤེར་སྐོར་ཞིབ་མི་སྣས་དོགས་ཡོད་ཉོ་ཚོང་ལ་དཔང་རྟགས་ལེན་བདེ་པོ་ཡོང་བར་འགན་ལེན་བྱེད་དགོས།
4.《ཚོང་དུད་ཀྱིས་ཆུ་གསུམ་རྫོང་གི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོར་ཞུགས་རྒྱུའི་ཡིད་རྟོན་ཁས་ལེན་ཡི་གེ》དང་དེ་བཞིན་བྱེད་སྒོའི་བླང་བྱ་གཞན་དག་ལ་མིང་རྟགས་བཀོད་དེ་བྱེད་སྒོའི་འབྲེལ་ཡོད་དོན་ཚན་དོན་འཁྱོལ་ཡག་པོ་བྱེད་དགོས།
5.འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དང་གཏན་འབེབས་གཞིར་བཟུང་སྲིད་གཞུང་གི་འབྲེལ་ཡོད་ཚན་པར་གཞོགས་འདེགས་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་བྱེད་སྒོ་སྤེལ་རྒྱུའི་ཁས་ལེན་བྱེད་དགོས་པ་དང་། ཁྲིམས་སྲུང་དང་ཁ་དན་ཚིག་གནས་ཀྱིས་གཉེར་སྐྱོང་བྱས་ཏེ། སྤྱི་ཚོགས་ཀྱི་འགན་འཁྲི་ཧུར་ཐག་འཁུར་བ་དང་ཁྲིམས་འགལ་དང་ཁ་དན་ཚིག་ལ་མ་གནས་པ་སོགས་ཀྱི་གནད་དོན་མི་ཐོན་པ་བྱས་ནས། བྱེད་སྒོ་བདེ་འཇགས་དང་ནུས་ལྡན་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པ་མ་ཟད། བྲིན་སྐུལ་བྱས་པའི་ཚོང་ཟོག་དང་ཞབས་ཞུའི་སྤུས་ཚད་བདེ་འཇགས་དང་བློས་འགེལ་ཆོག་པའི་འགན་ལེན་བྱས་ཏེ། བྱེད་སྒོ་སྤེལ་རིང་རིན་གོང་སྤར་བ་དང་། སྤུས་ཚད་མི་ལོན་པ། ཉོ་ཚོང་རྫུན་མ་བྱེད་པ། རྒྱང་རིང་ཉོ་ཚོང་བྱེད་པ། ཉོ་ཚོང་བདེན་པ་མིན་པ། འཛིན་ཤོག་བཤིག་ནས་ཉོ་ཚོང་བྱེད་པ། ཁ་གསབ་གཡོ་ལེན་བྱེད་པ་སོགས་སྒྲིག་འགལ་ཁྲིམས་འགལ་གྱི་བྱེད་སྤྱོད་ཐོན་རྒྱུ་གཏན་འགོག་བྱེད་དགོས།
གོང་གསལ་གྱི་ཆ་རྐྱེན་ཁག་ཚང་མ་འཛོམས་པའི་ཁེ་ལས་ཀྱིས་བྱེད་སྒོའི་ནང་ཞུགས་རྒྱུའི་མིང་ཐོ་བཀོད་ན་ཆོག་པ་དང་། ཁེ་ལས་གཅིག་གིས“བཟའ་བཏུང་དང་ཞག་སྡོད”ཀྱི་འཛད་སྤྱོད་མྱུར་ཆག་དང་། “བརྒྱ་ཟོག་སིལ་ཚོང”གི་འཛད་སྤྱོད་མྱུར་ཆག “བཅོས་སྣུམ”འཛད་སྤྱོད་མྱུར་ཆག ཁྱིམ་སྤྱོད་གློག་ཆས་འཛད་སྤྱོད་མྱུར་ཆག་བཅས་སྲིད་ཇུས་རྣམ་གྲངས་བཞིའི་ཁྲོད་ནས་རྣམ་གྲངས་གཅིག་བདམས་ནས་བྱེད་སྒོའི་ནང་ཞུགས་ཆོག
ལྔ་པ། དོ་སྣང་བྱེད་དགོས་པའི་དོན་ཚན།
གཅིག སྲིད་གཞུང་གྱི་འཛད་སྤྱོད་ཀྱི་ཚད་ལོན་གོང་གཅོག་ནི་དམངས་ཕན་ཁ་གསབ་ཀྱི་ཁོངས་སུ་གཏོགས་པས་ཁྲལ་བསྡུའི་ཁྱབ་ཁོངས་ནང་དུ་མི་འཇུག་པས། བཙོངས་འཛིན་ཀྱི་དངུལ་གྲངས་དེ་དངོས་སུ་སྤྲད་པའི་དངུལ་གྲངས་ལྟར་སྤྲོད་དགོས(བཙོངས་འཛིན་ཀྱི་དངུལ་གྲངས་=ཉོ་ཚོང་དངུལ་གྲངས་-གཟིགས་སྐྱོང་དངུལ་གྲངས)
གཉིས། རྫུས་མ་ཉོ་ཚོང་དང་། འཛིན་ཤོག་བཤིག་པའི་ཉོ་ཚོང་། དངུལ་སྤྲོད་དངུལ་བསྡུའི་
འདྲ་པར་བརྒྱུད་སྐུར་དང་བརྙན་ལམ་ཉོ་ཚོང་རྒྱང་རིང་ཞིབ་བཤེར་རྩིས་རྒྱུ་བཅས་བྱ་རྒྱུར་གཏན་འགོག་དང་། སྤྱི་ཚོགས་ཀྱི་འབྲེལ་འདྲིས་མཉེན་ཆས་དང་དྲ་རྒྱའི་ལས་སྟེགས་སོགས་ཆ་འཕྲིན་ཀྱི་ཐབས་ལམ་བརྒྱུད་སྲིད་གཞུང་ཀྱི་དམངས་ཕན་འཛད་སྤྱོད་ཁ་གསབ་བརྒྱུད་བསྒྲགས་དང་ཁྱབ་སྤེལ། གཡོ་ལེན་བྱ་རྒྱུར་ཡང་གཏན་འགོག་བྱེད་དགོས་ལ། འཛད་སྤྱོད་ཁ་གསབ་དངུལ་སྨར་ལེན་པ་དང་། འཚོང་བ། མི་གཞན་ལ་ནང་བཤུག་དང་བརྒྱུད་སྤྲོད་བྱ་རྒྱུར་ཡང་གཏན་འགོག་བྱེད་དགོས། དེ་བཞིན་བྱེད་སྒོ་དེ་རྣམ་པ་གང་རུང་གི་ཐོག་ནས་སྔོན་ལ་གྲངས་གསབ་བྱེད་མི་ཆོག་ལ། ཞུགས་མཁན་ཚོང་པས་རྣམ་པ་བསྒྱུར་ནས་རིན་གོང་འཕར་བ་དང་། ཐོན་རྫས་ཀྱི་སྤུས་ཚད་ལ་གནད་དོན་ཐོན་པ། དངུལ་ཚབ་བསྡུས་བྱེད་པ། ཁས་ལེན་བྱས་པའི་གཟིགས་སྐྱོང་དངུལ་དོན་འཁྱོལ་མི་བྱེད་པ། འཛད་སྤྱོད་ཀྱི་ཞུ་སྦྱོར་ལ་ནུས་ལྡན་ཐག་གཅོད་མི་བྱེད་པ་སོགས་དང་། དེ་བཞིན་དེ་མིན་གྱི་སྒྲིག་འགལ་གྱི་ཁྲིམས་འགལ་བྱ་སྤྱོད་ཐོན་རྒྱུར་གཏན་འགོག་བྱེད་དགོས། གལ་ཏེ་གོང་གསལ་གྱི་གནས་ཚུལ་ཐོན་ཚེ་ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་གསུམ་རྫོང་ཉིང་ལག་དངུལ་ཁང་གིས་གཟིགས་སྐྱོང་མ་དངུལ་ཁྲོད་ནས་འཐེན་འཕྲི་བྱས་པའི་དངུལ་དང་ཐེར་འདོན་བྱ་དགའི་དངུལ་འཐེན་རྒྱུ་ཡིན།
གསུམ། འཛད་སྤྱོད་པའི་གནས་གཏན་འཁེལ་དེ་ཚོང་ཁང་དུ་ཁྱབ་ཁོངས་ངེས་ཅན་ཞིག་འཇོག་དགོས། དེ་མིན་ན་གཟིགས་སྐྱོང་ལོངས་སུ་སྤྱོད་མི་ཐུབ། འཛད་སྤྱོད་པས་གལ་ཏེ་གཟིགས་སྐྱོང་ལོངས་སྤྱོད་བྱེད་དགོས་ན་རང་མོས་ཀྱི་དབང་ཆ་སྤྲད་པར་བརྩིས་ནས་གནས་ཡུལ་གྱི་ཆ་འཕྲིན་མཁོ་འདོན་བྱེད་དགོས།
བཞི། ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་གསུམ་རྫོང་ཉིང་ལག་དངུལ་ཁང་དང་ཚོང་པ་ཁག་གིས་མིང་འགོད་ཁ་གསབ་གྲོས་མཐུན་བྱས་ཏེ་སྒྲིག་འགལ་གྱི་འགན་འཁྲི་དང་ཆད་གཅོད་སྲོལ་ཡིག་ཁ་གསལ་བཟོས་ཡོད། ཚོང་པས་བྱེད་སྒོ་སྤེལ་རིང་དངུལ་ལེན་སྟེགས་བུའི་ལྟ་སྐུལ་ཚོད་འཛིན་ཁ་འབྱེད་བྱེད་དགོས་པ་དང་འབྲེལ་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ལམ་ཆ་ཚང་འཇོག་བྱེད་དགོས། གལ་ཏེ་རྩོད་གླེང་ཡོད་པའི་ཚོང་ཟོག་མངག་ཐོ་ཡོད་ཚེ་གནས་ཚུལ་ལ་དངོས་ཡོད་ལྟ་སྐུལ་ཚོད་འཛིན་བྱེད་ཆོག གལ་ཏེ་དོགས་པ་ཡོད་པའི་ཉོ་ཚོང་ལ་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ལམ་འདོན་མི་ཐུད་ཚེ་ཐད་ཀར་གཟིགས་སྐྱོང་མ་དངུལ་གཡོ་ལེན་བྱས་པར་ཐག་གཅོད་བྱ་རྒྱུ་ཡིན་
ལྔ། ད་ཐེངས་ཀྱི་བྱེད་སྒོའི་དུས་ཚིགས་ཚང་མ་ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་གསུམ་རྫོང་ཉིང་ལག་དངུལ་ཁང་གི་ལས་སྒྲུབ་མ་ལག་གི་དུས་ཚོད(པེ་ཅིང་དུས་ཚོད)ཚད་གཞིར་འཛིན་དགོས། གལ་ཏེ་འགོག་ནུས་བྲལ་བའམ་གནས་བབ་འགྱུར་བ་སོགས་ཀྱི་གནས་ཚུལ(དཔེར་ན་གནོད་འཚེ་ཚབས་ཆེན་གྱི་དོན་རྐྱེན་དང་། བྱེད་དབང་ཡོད་པའི་ལས་ཁུངས་ཀྱི་བཀའ་ཕོག་ནས་མཚམས་འཇོག་པའམ་ལེགས་སྒྲིག་བྱེད་དགོས་པ། མ་ལག་གི་ཆག་སྐྱོན་གནས་སྐབས་མཚམས་འཇོག་བྱེད་དགོས་པ། བྱེད་སྒོའི་ཁྲོད་སྒྲིག་འགལ་གཡོ་ལས་བྱ་སྤྱོད་ཀྱིས་འཛད་སྤྱོད་པའི་ཁེ་དབང་གནོད་སྐྱོན་ཕོག་པ)ཐོན་ཚེ། བཅའ་ཁྲིམས་ཀྱི་ཆོག་འཁྲོལ་ཀྱི་ཁྱབ་ཁོངས་ནང་དུ་ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་གསུམ་རྫོང་ཉིང་ལག་དངུལ་ཁང་གྱིས་བྱེད་སྒོ་འདི་ལེགས་སྒྲིག་དང་། གནས་སྐབས་མཚམས་འཇོག་བྱེད་པ། བྱེད་སྒོ་སྤེལ་མཚམས་འཇོག་པ་བཅས་ཀྱི་དབང་ཆ་འཇོག་རྒྱུ་མ་ཟད། གསལ་བསྒྲགས་བྱས་པ་བརྒྱུད་ནུས་པ་ཐོན་རྒྱུ།
དྲུག སྤྱོད་དུད་བྱེད་སྒོའི་ནང་ཞུགས་པ་དེ་བྱེད་སྒོ་འདིའི་ཞིབ་སྲོལ་ལ་བསམ་ཤེས་དང་མོས་མཐུན་བྱས་པར་བརྩི་དགོས། གལ་ཏེ་འཛད་སྤྱོད་པའི་ཁྱབ་བསྒྲགས་བྱས་ཟིན་པའི་བྱེད་སྒོའི་ཚོང་ཁང་གི་ཆ་འཕྲིན་དང་ཚོང་ཁང་གི་ས་གནས་དངོས་དོན་དངོས་དང་མི་མཐུན་པ་ཡིན་ན། ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་གསུམ་རྫོང་ཉིང་ལག་དངུལ་ཁང་ལ་ཐེར་འདོན་བྱས་ཆོག་ལ།
ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་གསུམ་རྫོང་ཉིང་ལག་དངུལ་ཁང་གྱིས་མཐུན་སྦྱོར་ཐག་གཅོད་ཧུར་ཐག་བྱ་རྒྱུ་དང་། གལ་ཏེ་ཚོང་པའི་སྐར་གྲངས་དང་། ཚོགས་མིའི་གཱ། ཚོང་རྫས། ཚོང་པ་བཅས་ཀྱིས་སྤེལ་བའི་བྱེད་སྒོ་གཞན་དག་ལ་དོགས་པ་ཡོད་ཚེ། བྱེད་སྒོའི་ནང་ཞུགས་མཁན་ཚོང་པར་བློ་འདྲི་གནང་རོགས།
བདུན། ད་ཐེངས་ཀྱི་བྱེད་སྒོར་ཞུགས་པའི་ཚོང་པས་བྱེད་པོའི་གན་འཁྲིར་ཤུགས་སྣོན་རྒྱག་དགོས་པ་དང་། ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། 《བྲིན་ཐབས་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་གནས་སྐབས་ཀྱི་གཏན་འབེབས》ལ་བརྩི་སྲུང་ནན་པོ་བྱས་ཏེ་བདེ་འཇགས་ཀྱི་ཐོན་སྐྱེད་ལས་དོན་ཡག་པོ་བསྒྲུབས་ནས་གཟིགས་སྐྱོང་དངུལ་སྤྲོད་དོན་འཁྱོལ་ཡག་པོ་བྱས་ཏེ་
འཛད་སྤྱོད་ཀྱི་ཞུ་སྦྱོར་ཐག་གཅོད་གང་ལེགས་བྱེད་དགོས།
གོང་གསལ་གྱི་དོ་སྣང་བྱེད་དགོས་པའི་དོན་ཚན་དོན་འཁྱོལ་མ་བྱས་པའམ་ཡང་ན་གཙོ་གཉེར་ཚན་པས་ངོས་བཅད་བྱས་པའི་སྒྲིག་འགལ་ཁྲིམས་འགལ་བྱ་སྤྱོད་ཐོན་ཚེ། གཙོ་གཉེར་ཚན་པར་སྒྲིག་འགལ་ཚོང་པ་དང་འཛད་སྤྱོད་པ་བྱེད་སྒོའི་ནང་ཞུགས་དབང་མེད་པ་བཟོ་རྒྱུ་མ་ཟད། བཅའ་ཁྲིམས་འགན་འཁྲི་བདའ་འདེད་བྱེད་པའི་དབང་ཆ་འཇོག་རྒྱུ་དང་། དོགས་ཡོད་ཀྱི་བབ་རྐྱེན་ཚབས་ཆེན་ཉེས་གསོག་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་ཐག་གཅོད་བྱ་རྒྱུ་རྩིས་སྤྲོད་བྱ་རྒྱུ་ཡིན།
དྲུག་པ། བྱེད་སྒོའི་བློ་འདྲི་དང་ཐེར་འདོན།
བྱེད་སྒོའི་རིང་འཛད་སྤྱོད་པར་གློག་རྡུལ་ཀྱི་འཛད་སྤྱོད་འཛིན་ཤོག་ལེན་པའི་ཐད་དོགས་གཞི་ཡོད་པའམ་ཡང་ན་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་། བྱེད་སྒོའི་ནང་ཞུགས་མཁན་ཚོང་པས་དངུལ་སྨར་གཡོ་ལེན་བྱེད་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ཡོད་ཚེ་ཁ་པར་ཐོག་ནས་བློ་འདྲི་དང་། ཞུ་སྦྱོར་ཐེར་འདོན་བཅས་བྱས་ཆོག
1.ཀྲུང་གོ་ཞིང་ལས་དངུལ་ཁང་ཆུ་གསུམ་རྫོང་ཉིང་ལག་དངུལ་ཁང་ཀྱི་སྐུ་མགྲོན་ཞབས་ཞུའི་ཁ་པར། 17789939599 18089934825
2.ལག་རྩལ་གནད་དོན་གྱི་བློ་འདྲིའི་་ཁ་པར། 17789939599
3.ཐེར་འདོན་དང་ཞུ་སྦྱོར་ཐད་སྦྲེལ་ཁ་པར། 0893-7855150 0893-7332117
སྤྱི་བསྒྲགས་ཀྱི་དུས་ཡུན་ནང་མིང་ཐོ་བཀོད་མེད་ཚེ། རང་འགུལ་ངང་བྱེད་སྒོའི་ནང་ཞུགས་པའི་གོ་སྐབས་དོར་བར་བརྩི་རྒྱུ་ཡིན།
ཆུ་གསུམ་རྫོང་འཕེལ་རྒྱས་བསྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད་ནས།
2026ལོའི་ཟླ་1པོའི་ཚེས་27ཉིན།
