" />
山南市曲松县教育局关于公开征集群众身边不正之风和腐败问题线索的公告
为深入贯彻落实《关于2026年深入推进突出问题整治和重大民生实事工作的指导意见》的通知精神,持续深化群众身边不正之风和腐败问题集中整治,重点纠治教辅征订、校服采购、“校园餐”管理、教育“三包”经费使用等突出问题,切实畅通群众监督渠道,保障学生及家长合法权益,确保教育经费安全规范使用,现面向社会公开征集问题线索,有关事项公告如下:
一、举报范围:
(一)教育“三包”经费与营养膳食补助资金管理
1.虚报冒领套取资金:虚构学生信息、虚报人数套取“三包”经费或膳食补助资金。
2.截留挪用克扣:擅自截留、挪用、克扣学生“三包”经费和营养膳食补助资金。
3.违规使用:将“三包”或营养膳食资金用于发放教职工福利、修建办公楼等。
4.食材采购与管理:食材采购不公开、不透明,存在以次充好、价高质低、重复采购等问题。
(二)“校园餐”成果巩固
1.原料采购:采购“三无”食品、过期变质食品、来源不明的食材。
2.加工制作:食堂卫生条件不达标,加工过程不规范,餐具消毒不到位。
3.制度执行:未落实食品安全校长负责制、陪餐制度、晨午检制度等。
(三)校服采购与管理
1.强制购买:违背“自愿购买”原则,强迫或变相强迫非“三包”学生统一订购校服。
2.利益输送:采购过程暗箱操作、不履行政府采购程序,存在收受回扣、吃回扣等腐败行为。
3.质量与价格:质量低劣、价格虚高、做工粗糙的劣质校服进校园。
4.公开公示:违反公示公开要求,暗箱操作、明招暗定,侵犯学生和家长知情权、参与权、选择权和监督权。
(四)教辅资料征订与收费
一是教师强迫或变相强迫学生征订教辅资料、课外读物、练习册等;二是存在以家委会等名义统一订购指定教辅资料的情况;三是存在单位或个人进入校园宣传、推荐和推销教辅资料;四是学校或教师通过违规征订教辅获取不正当利益。
二、举报方式
1.举报电话:0893-7332209
联系人及联系号码:贡觉白玛 15708036668
格桑强巴 13308936089
(受理时间:2026年1月—12月,工作日上午9:30—13:00,下午15:30—18:30)
2.来访及邮寄地址:山南市曲松县教育局(曲松县体育局)
3.举报邮箱: qusongjiaoyu@126.com/qusongjiaoyu@163.com
三、相关要求
1.举报人应本着实事求是的原则,要有具体线索材料,如实反映问题,对所举报内容的真实性负责,提倡实名举报。举报问题线索中需明确被举报对象、发生时间、具体问题等关键信息(如有票据、照片等相关证据材料,请一并提交)
2.教育局将严格保密举报人信息,依法保护举报人合法权益,对收到的投诉举报线索,及时调查核实、处理。
3.反映问题不得虚构和夸大事实,不得捏造、 歪曲事实或诬告陷害他人,违者依法追责。
欢迎社会各界和广大干部群众积极参与监督,共同营造风清气正的服务环境。
《2026ལོར་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་དང་གལ་ཆེའི་དམངས་འཚོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》གྱི་བརྡ་ཐོའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ཐོག་བཅོས་སྒྲིག་བྱ་རྒྱུ་མུ་མཐུད་གཏིང་ཟབ་ཏུ་བཏང་སྟེ། སློབ་དེབ་དང་སློབ་ཁྲིད་རམ་འདེགས་དཔྱད་དེབ་ཉོ་སྒྲུབ་དང་། སློབ་གོས་ཉོ་སྒྲུབ། “སློབ་གྲྭའི་ཟ་མ”དོ་དམ། སློབ་གསོའི“འགན་ལེན་གསུམ”གྱི་གྲོན་དངུལ་བེད་སྤྱོད་སོགས་ཀྱི་ཐད་མངོན་གསལ་དོད་པའི་གནད་དོན་གཙོ་གནད་ཐོག་བཅོས་སྒྲིག་བྱས་ནས། མང་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་ཤར་གཏོང་ཡོང་བ་དང་། སློབ་མ་དང་ཁྱིམ་བདག་གི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱེད་པ། སློབ་གསོའི་གྲོན་དངུལ་བདེ་འཇགས་དང་ཚད་ལྡན་ངང་བེད་སྤྱོད་ཐུབ་པའི་འགན་ལེན་བྱེད་པ་བཅས་བྱ་ཆེད། ད་ལྟ་སྤྱི་ཚོགས་ཁྱོན་ཡོངས་སུ་གོང་གསལ་ལས་དོན་ཐད་ཀྱི་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་འཚོལ་བསྡུ་བྱ་རྒྱུ་ཡིན་པས། དེའི་ཐད་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།
གཅིག ཐེར་འདོན་བྱ་རྒྱུའི་ཁྱབ་ཁོངས།
དང་པོ། སློབ་གསོའི“འགན་ལེན་གསུམ”གྱི་འགྲོ་གྲོན་དང་འཚོ་བཅུད་ཀྱི་བཟའ་བཅའི་ཁ་གསབ་རོགས་དངུལ་གྱི་མ་དངུལ་དོ་དམ་སོགས་ཀྱི་ཐད།
༡ རྫུན་ཞུ་བྱས་ནས་མ་དངུལ་གཡོ་ལེན་བྱེད་པ་སྟེ། སློབ་མའི་ཆ་འཕྲིན་རྫུན་བཟོ་དང་། མི་གྲངས་རྫུན་བཟོ་བྱས་ནས“འགན་ལེན་གསུམ”དང་འཚོ་བཅུད་གྱི་བཟའ་བཅའི་ཁ་གསབ་མ་དངུལ་གཡོ་ལེན་བྱེད་པའི་གནས་ཚུལ།
༢ མ་དངུལ་བཅད་ཉར་བྱས་ནས་གཞན་སྤྱོད་སྒེར་སྤྱོད་བྱེད་པ་སྟེ། སློབ་མའི“འགན་ལེན་གསུམ”གྱི་འགྲོ་གྲོན་དང་འཚོ་བཅུད་ཀྱི་བཟའ་བཅའི་ཁ་གསབ་མ་དངུལ་རང་དགར་ཉུང་དུ་བཏང་ནས་ཉར་བ་དང་། མ་དངུལ་དེ་ལས་དོན་གཞན་གྱི་ཐད་སྤྱོད་པ་དང་སྒེར་གྱིས་སྤྱོད་པ་སོགས་ཀྱི་གནས་ཚུལ།
༣ སྒྲིག་འགལ་གྱིས་བེད་སྤྱོད་བྱེད་པ་སྟེ། “འགན་ལེན་གསུམ”་དང་འཚོ་བཅུད་ཀྱི་བཟའ་བཅའི་མ་དངུལ་དེ་སྤྱད་ནས་དགེ་རྒན་དང་ལས་བཟོར་ཕན་བདེ་སྤྲོད་པ་དང་གཞུང་ལས་ཐོག་ཁང་བསྐྲུན་པ་སོགས་ཀྱི་གནས་ཚུལ།
༤ བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་དོ་དམ་བྱེད་པའི་ཐད། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་བྱེད་པའི་ཐད་ཡོངས་བསྒྲགས་མི་བྱེད་པ་དང་། ཁ་གསལ་མེད་པ། སྤུས་ཚད་གཞན་པ། རིན་གོང་ལུགས་མཐུན་མེད་པ། ཡང་སྐོར་བསྐྱར་སྐོར་ཉོ་སྒྲུབ་བྱེད་པ་སོགས་ཀྱི་གནས་ཚུལ།
གཉིས་པ། “སློབ་གྲྭར་ཆེད་སྤྱོད་ཁ་ལག”མཁོ་འདོན་བྱེད་པའི་འབྲས་བུ་སྲ་བརྟན་གཏོང་བའི་ཐད།
༡ རྒྱུ་ཆ་ཉོ་སྒྲུབ་བྱེད་པའི་ཐད། “གསུམ་མེད”ཀྱི་བཟའ་བཅའི་རིགས་དང་། དུས་ཚོད་ཡོལ་ནས་ངོ་བོ་འགྱུར་བའི་བཟའ་བཅའི་རིགས། དེ་བཞིན་ཡོང་ཁུངས་གསལ་པོ་མེད་པའི་བཟའ་བཅའི་རྒྱུ་ཆ་སོགས་ཉོ་སྒྲུབ་བྱེད་པའི་གནས་ཚུལ།
༢ བཟའ་བཅའ་ལས་སྣོན་བྱེད་པའི་ཐད། ཟ་ཁང་གི་འཕྲོད་བསྟེན་ཆ་རྐྱེན་གྱི་ཚད་གཞི་མི་ལོན་པ་དང་། ལས་སྣོན་གྱི་གོ་རིམ་ཚད་ལྡན་མེད་པ། ཟ་སྣོད་འཐུང་ཆས་ལ་དུག་སེལ་གནད་འཁེལ་མེད་པ་སོགས་ཀྱི་གནས་ཚུལ།
༣ ལམ་ལུགས་ལག་བསྟར་བྱེད་པའི་ཐད། བཟའ་བཅའི་བདེ་འཇགས་ཐད་སློབ་སྤྱིའི་འགན་འཁྲིའི་ལམ་ལུགས་དང་། ཟ་རེས་སྡོད་བཅའི་ལམ་ལུགས། ཉིན་ལྷར་དུས་གསུམ་ལ་ཞིབ་བཤེར་བྱེད་པ་བཅས་ཀྱི་ལམ་ལུགས་ལག་བསྟར་མི་བྱུང་བའི་གནས་ཚུལ།
གསུམ་པ། སློབ་གོས་ཉོ་སྒྲུབ་དང་དོ་དམ་བྱེད་པའི་ཐད།
༡ བཙན་ཤེད་ཀྱིས་ཉོ་སྒྲུབ་བྱེད་པ་སྟེ། “རང་མོས་ཉོ་འདོད”ཀྱི་རྩ་དོན་ལ་རྒྱབ་འགལ་བྱས་ནས། “འགན་ལེན་གསུམ”མིན་པའི་སློབ་མར་བཙན་ཤེད་ཀྱིས་སློབ་གོས་གཅིག་གྱུར་དུ་ཉོ་རུ་འཇུག་པའི་གནས་ཚུལ།
༢ ཁེ་ཕན་ཡོང་ཐབས་བྱེད་པ་སྟེ། ཉོ་སྒྲུབ་བྱེད་པའི་བརྒྱུད་རིམ་ཁྲོད་ལྐོག་འབྲེལ་འོས་འགུག་བྱེད་པ་དང་། སྲིད་གཞུང་གི་ཉོ་སྒྲུབ་བྱེད་པའི་གོ་རིམ་ལག་བསྟར་མི་བྱེད་པ། ཉོ་སྒྲུབ་བྱེད་པའི་ཁྲོད་ཁེ་རྔན་ལེན་པ་དང་བཟའ་བ་སོགས་ཀྱི་རུལ་སུངས་གནས་ཚུལ།
༣ རིན་གོང་དང་སྤུས་ཚད་ཐད། སྤུས་ཚད་ཞན་པ་དང་རིན་གོང་མཐོ་བ། བཟོ་ལས་རྩུབ་ཧྲལ་ཡིན་པ་བཅས་ཀྱི་སློབ་གོས་སྤྱོད་པའི་གནས་ཚུལ།
༤ ཡོངས་བསྒྲགས་གསལ་བསྒྲགས་བྱེད་པའི་ཐད། ཡོངས་བསྒྲགས་དང་གསལ་བསྒྲགས་བྱེད་པའི་བླང་བྱ་ལས་འགལ་ནས། སྔོན་ནས་ལྐོག་ཏུ་གཡོ་ལེན་ཁ་བཅད་བྱས་ཏེ་ཡོངས་བསྒྲགས་ངང་འོས་འགུག་བྱེད་ཁུལ་བྱས་ནས། སློབ་མ་དང་ཁྱིམ་བདག་གི་གནས་ཚུལ་ཤེས་དབང་དང་། ཐེ་ཞུགས་དབང་ཆ། གདམ་གསེས་དབང་ཆ་དང་ལྟ་སྐུལ་བྱེད་དབང་བཅས་ལ་གནོད་འཚེ་གཏོང་བའི་གནས་ཚུལ།
བཞི་པ། སློབ་དེབ་དང་རམ་འདེགས་དཔྱད་དེབ་མངག་ཉོ་དང་གྲོན་བསྡུ་བྱེད་པའི་ཐད།
༡དགེ་རྒན་གྱིས་སློབ་མར་བཙན་ཤེད་ངང་ནས་སློབ་ཁྲིད་རམ་འདེགས་ཀྱི་དཔྱད་དེབ་དང་། སློབ་ཕྱིའི་ཀློག་དེབ། སྦྱོང་བརྡར་དེབ་སོགས་ཉོ་རུ་བཅུག་པའི་གནས་ཚུལ།
༢ ཁྱིམ་བདག་ཨུ་ཡོན་མིང་ཐོག་ནས་སློབ་ཁྲིད་རམ་འདེགས་ཀྱི་དཔྱད་དེབ་གཅིག་གྱུར་གྱི་ཉོ་རུ་བཅུག་པའི་གནས་ཚུལ།
༣ ཚན་པའམ་མི་སྒེར་སློབ་གྲྭར་བསྐྱོད་ནས་སློབ་ཁྲིད་རམ་འདེགས་ཀྱི་དཔྱད་དེབ་སྤྱོད་རྒྱུའི་དྲིལ་བསྒྲགས་དང་། འོས་སྦྱོར། འགྲེམ་འཚོང་བཅས་བྱེད་པའི་གནས་ཚུལ།
༤ སློབ་གྲྭའམ་དགེ་རྒན་གྱིས་སྒྲིག་འགལ་ངང་སློབ་དེབ་དང་དཔྱད་དེབ་ཉོས་ནས་ལུགས་མཐུན་མེད་པའི་ཁེ་ཕན་ལེན་ཐབས་བྱེད་པའི་གནས་ཚུལ།
གཉིས། ཐེར་འདོན་བྱེད་ཐབས།
༡ ཐེར་འདོན་ཁ་པར་ཨང་གྲངས། 0893-7332209
འབྲེལ་གཏུགས་མི་སྣ། དཀོན་མཆོག་པད་མ། 15708036668
སྐལ་བཟང་བྱམས་པ། 13308936089
ཁ་པར་ལེན་པ་དང་བདག་སྤྲོད་བྱེད་པའི་དུས་ཚོད། 2026ལོའི་ཟླ་1པོ་ནས་ཟླ་12པའི་བར་གྱི་ལས་སྒྲུབ་ཉིན་མོའི་སྔ་དྲོའི་ཆུ་ཚོད་9:30ནས་13:00བར་དང་། ཕྱི་དྲོའི་ཆུ་ཚོད་15:30ནས་18:30བར།
༢ དངོས་སུ་ཐེར་འདོན་བྱ་རྒྱུའི་ས་ཆ་དང་སྦྲག་བསྐུར་ས་གནས།
ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་སློབ་གསོ་ཅུད།
༣ གློག་རྡུལ་ཡིག་སྒམ། qusongjiaoyu@126.com qusongjiaoyu@163.com
གསུམ། འབྲེལ་ཡོད་རེ་བ།
༡ ཐེར་འདོན་གནང་མཁན་གྱིས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་གཞིར་བཟུང་། ཁུངས་སྣེ་ཞིབ་ཕྲ་དང་དཔང་རྟགས་ཁུང་གསལ། གནད་དོན་ཇི་མ་ཇི་བཞིན་བརྗོད་ནས། ཐེར་འདོན་བྱས་པའི་ནང་དོན་གྱི་བདེན་པའི་རང་བཞིན་ལ་འགན་འཁུར་རོགས་གནང་། མིང་ངོ་མའི་ཐོག་ནས་ཐེར་འདོན་བྱ་རྒྱུའི་རེ་བ་ཡོད། ཐེར་འདོན་བྱས་པའི་གནད་དོན་གྱི་ཁུངས་སྣེའི་ཁྲོད་ཐེར་འདོན་བྱ་རྒྱུའི་མི་དང་ཚན་པ། གནས་ཚུལ་ཐོན་པའི་དུས་ཚོད། ཞིབ་ཕྲའི་གནད་དོན་གང་ཡོད་མིན་སོགས་འགག་རྩའི་ཆ་འཕྲིན་ཁ་གསལ་འགོད་རོགས། (གལ་ཏེ་འཛིན་ཤོག་དང་འདྲ་པར་སོགས་འབྲེལ་ཡོད་དཔང་རྟགས་དཔྱད་གཞི་ཡོད་ཚེ་མཉམ་དུ་མཁོ་འདོན་གནང་རོགས )
༢ སློབ་གསོ་ཅུད་ཀྱིས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ལ་གསང་སྲུང་ནན་པོ་བྱས་ནས་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནན་པོ་བྱ་རྒྱུ་ཡིན་ལ། ཞུ་སྦྱོར་ཐེར་འདོན་གྱི་ཁུངས་སྣེ་འབྱོར་མ་ཐག་དུས་ཐོག་ཏུ་བརྟག་དཔྱད་ཞིབ་བསྡུར་བྱས་ནས་ནན་ཏན་ཐག་གཅོད་བྱ་རྒྱུ་ཡིན།
༣ གནད་དོན་ཐེར་འདོན་བྱེད་སྐབས་གནས་ཚུལ་དངོས་བརྗོད་དགོས་པ་ལས། གཟུགས་མེད་གྲིབ་བཟོ་དང་འུད་ཤོབ་བཤོད་པ། འཁྱོག་བཤད་བྱེད་པ་སོགས་བྱས་མི་ཆོག་ལ། མི་གཞན་ལ་སྙོན་འཛུགས་བྱེད་པ་དང་མ་ཉེས་ཁ་གཡོགས་བྱེད་པ་སོགས་བྱས་མི་ཆོག གལ་ཏེ་དེ་འདྲ་བྱས་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།
སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིས་ང་ཚོའི་ལས་དོན་ཐད་ལྟ་སྐུལ་ཧུར་ཐག་གནང་ནས། ཐུན་མོང་ཐོག་སྤྱོད་བཟང་གཞུང་དྲང་ཀྱི་ཞབས་ཞུའི་ཁོར་ཡུག་བསྐྲུན་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན།