" />
山南市人民政府
今天是: 2018年9月10日 星期一
当前位置: 首页>政务公开 > 信息公开目录
索引号: 000014349/2026-00245
文号:
发布机构: 曲松县卫健委
主题分类: 综合政务
组配分类: 通知公告
发文日期: 2026-03-26 04:52

山南市曲松县卫生健康委员会关于公开征集群众身边不正之风和腐败问题线索的公告

时间: 2026-03-26

为深入贯彻落实《关于2026年深入推进突出问题整治和重大民生实事工作的指导意见》的通知精神,深入纠治医保基金管理使用中的突出问题,畅通群众监督渠道,切实保障群众的合法权益,守护医保基金安全规范运行,现面向社会公开征集问题线索,有关事项公告如下:

一、举报范围:

重点举报医保基金管理使用各类违规违纪违法问题,包括但不限于:

1过度检查检验、超量开药、重复收费、分解收费等违规诊疗收费行为;

2虚假诊疗、挂床住院、伪造医疗文书等套取骗取医保基金行为;

3倒卖 “回流药”、医疗器械销售中虚开增值税发票等违法违规行为。

二、举报方式

1.举报电话:0893-7337052

受理时间:2026312工作日

上午9:3013:00,下午15:3018:30

2.来访及邮寄地址:曲松县卫生健康委员会

3.举报邮箱: qsws2208@163.com

三、相关要求

1.举报人应坚持实事求是,提供具体线索材料,如实反映问题,对举报内容真实性负责。举报需明确被举报对象、发生时间、具体问题等关键信息,欢迎提供票据、照片、视频等佐证材料,提倡实名举报。

2.我们将严格保密举报人信息,依法保护举报人合法权益,对所有举报线索及时受理、规范核查、依规处置并反馈。

3.严禁虚构、夸大、捏造、歪曲事实进行诬告陷害,违者将依法追究责任。

欢迎社会各界和广大干部群众积极参与监督,同心守护医保基金安全,共同营造规范有序、风清气正的医保服务环境。



ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཡོད་པའི་ཚུལ་མིན་སྤྱོད་ངན་དང་རུལ་སུངས་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་འཚོལ་བསྡུ་བྱ་རྒྱུའི

སྐོར་གྱི་སྤྱིབསྒྲགས

2026ལོར་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་དང་གལ་ཆེའི་དམངས་འཚོའི་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆརགྱི་བརྡ་ཐོའི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས།སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ་དང་བེད་སྤྱོད་ཁྲོད་ཀྱི་འབུར་ཐོན་གནད་དོན་ལ་ཡོ་བསྲང་གཏིང་ཟབ་བྱས་ཏེམང་ཚོགས་ཀྱི་ལྟ་སྐུལ་ཐབས་ལམ་ཤར་གཏོང་ཡོང་བ་དང་།མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད།ད་ལྟ་སྤྱི་ཚོགས་ཁྱོན་ཡོངས་སུ་གོང་གསལ་ལས་དོན་ཐད་ཀྱི་གནད་དོན་གྱི་ཁུངས་སྣེ་ཡོངས་བསྒྲགས་ངང་འཚོལ་བསྡུ་བྱ་རྒྱུ་ཡིན་པས།དེའི་ཐད་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

གཅིག ཐེར་འདོན་བྱ་རྒྱུའི་ཁྱབ་ཁོངས།     

སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ་དང་བེད་སྤྱོད་བྱེད་པའི་ཐད་སྒྲིག་འགལ་ཁྲིམས་འགལ་གྱི་གནད་དོན་ཡོད་ན་ཐེར་འདོན་བྱས་ནས་འགྲིག་སྟེ།

ཚད་ལས་བརྒལ་ནས་གཟུགས་པོར་བརྟག་བཤེར་བྱེད་པ་དང་། སྨན་འབོར་ཚད་ལས་བརྒལ་ནས་སྤྲོད་པ།གྲོན་དངུལ་བསྐྱར་བསྡུ་བྱེད་པགཅིག་འགྱུར་བརྟག་དཔྱད་བྱེད་པའི་རྣམ་གྲངས་ཁ་ཕྲལ་ནས་རིན་པ་བསྡུ་བ་སོགས་སྒྲིག་འགལ་གྱིས་སྨན་བཅོས་ཀྱི་རིན་པ་བསྡུ་བའི་བྱ་སྤྱོད།

ནད་བརྟག་སྨན་བཅོས་རྫུན་མ་བྱེད་པ་དང་སྨན་ཁང་དུ་མ་བསྡད་ཀྱང་སྨན་ཁང་གི་ཉལ་ཁྲི་ཟིན་ནས་ནད་སྡོད་བྱེད་ཁུལ་བྱེད་པ།སྨན་བཅོས་ཀྱི་ཡིག་ཆ་རྫུན་བཟོ་བྱེད་པ་སོགས་ཀྱི་ཐོག་ནས་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་པའི་བྱ་སྤྱོད།

ཕྱིར་རྒྱུག་སྨན་བར་ཚོང་བྱེད་པ་དང་།སྨན་བཅོས་ཡོ་བྱད་ཕྱིར་འཚོང་བྱེད་སྐབས་འཕར་ཁྲལ་གྱི་འཛིན་ཤོག་རྫུན་འབྲི་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད

གོང་གསལ་གྱི་བྱ་སྤྱོད་ཚུད་པའི་ད་དུང་སྨན་བཅོས་འགན་བཅོལ་ཐེབས་རྩ་དོ་དམ་དང་བེད་སྤྱོད་བྱེད་པའི་ཐད་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་གཞན།

གཉིས།     ཐེར་འདོན་བྱེད་ཐབས།     

༡ ཐེར་འདོན་ཁ་པར་ཨང་གྲངས།  0893-7337052

ཁ་པར་ལེན་པ་དང་བདག་སྤྲོད་བྱེད་པའི་དུས་ཚོད 2026ལོའི་ཟླ་3་ནས་ཟླ་12པའི་བར་གྱི་ལས་སྒྲུབ་ཉིན་མོའི་སྔ་དྲོའི་ཆུ་ཚོད་9:30ནས་13:00བར་དང་།  ཕྱི་དྲོའི་ཆུ་ཚོད་15:30ནས་18:30བར

ས་ཡུལ་དངོས་སུ་ཐེར་འདོན་གནང་བར་ཕེབས་རྒྱུའི་ས་གནས་དང་སྦྲག་བསྐུར་ས་གནས།    ཆུ་གསུམ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་།

གློ་རྡུལ་ཡིག་སྒམ།qsws2208@163 . com

གསུམ།     འབྲེལ་ཡོད་རེ་བ

ཐེར་འདོན་གནང་མཁན་གྱིས་དངོས་ཐོག་བདེན་འཚོལ་གྱི་རྩ་དོན་གཞིར་བཟུང་ཁུངས་སྣེ་ཞིབ་ཕྲ་དང་དཔང་རྟགས་ཁུང་གསལ་དགོས་པ་དང་།     གནད་དོན་ཇི་མ་ཇི་བཞིན་བརྗོད་ནས།ཐེར་འདོན་བྱས་པའི་ནང་དོན་གྱི་བདེན་པའི་རང་བཞིན་ལ་འགན་འཁུར་དགོས་པ་དང་།ཐེར་འདོན་བྱས་པའི་གནད་དོན་གྱི་ཁུངས་སྣེའི་ཁྲོད་ཐེར་འདོན་བྱ་རྒྱུའི་མི་དང་ཚན་པ།  གནས་ཚུལ་ཐོན་པའི་དུས་ཚོད།   ཞིབ་ཕྲའི་གནད་དོན་གང་ཡོད་མིན་སོགས་འགག་རྩའི་ཆ་འཕྲིན་ཁ་གསལ་འགོད་དགོས་ལ།    འཛིན་ཤོག་དང་འདྲ་པར་སོགས་འབྲེལ་ཡོད་དཔང་རྟགས་དཔྱད་གཞི་མཁོ་འདོན་བྱ་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན། མིང་ངོ་མའི་ཐོག་ནས་ཐེར་འདོན་བྱ་རྒྱུའི་རེ་བ་ཡོད།  

ང་ཚོས་ཐེར་འདོན་བྱེད་མཁན་གྱི་ཆ་འཕྲིན་ལ་གསང་སྲུང་ནན་པོ་བྱས་ནས་ཐེར་འདོན་བྱེད་མཁན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནན་པོ་བྱ་རྒྱུ་ཡིན་ལ།     ཞུ་སྦྱོར་ཐེར་འདོན་གྱི་ཁུངས་སྣེ་འབྱོར་མ་ཐག་དུས་ཐོག་ཏུ་བརྟག་དཔྱད་ཞིབ་བསྡུར་བྱས་ནས་ནན་ཏན་ཐག་གཅོད་བྱ་རྒྱུ་ཡིན

གནད་དོན་ཐེར་འདོན་བྱེད་སྐབས་གནས་ཚུལ་དངོས་བརྗོད་དགོས་པ་ལས།གཟུགས་མེད་གྲིབ་བཟོ་དང་འུད་ཤོབ་བཤོད་པ།འཁྱོག་བཤད་བྱེད་པ་སོགས་བྱས་མི་ཆོག་ལ།མི་གཞན་ལ་སྙོན་འཛུགས་བྱེད་པ་དང་མ་ཉེས་ཁ་གཡོགས་བྱེད་པ་སོགས་བྱས་མི་ཆོག  གལ་ཏེ་དེ་འདྲ་བྱས་ཚེ་ཁྲིམས་ལྟར་འགན་འཁྲི་བདའ་འདེད་གཏོང་རྒྱུ་ཡིན།

སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་རྣམས་ཀྱིང་ཚོའི་ལས་དོན་ཐད་ལྟ་སྐུལ་ཧུར་ཐག་གནང་ནས།སྨན་བཅོས་འགན་བཅོལ་ཐེབས་རྩ་སྒྲིག་མཐུན་ངང་དོ་དམ་དང་བེད་སྤྱོད་ཐུབ་རྒྱུར་སྲུང་སྐྱོང་བྱས་ནས།ཐུན་མོང་ཐོག་ཚད་ལྡན་ཁོར་སྐྱོད་ཡོང་བ་དང་།སྤྱོད་བཟང་གཞུང་དྲང་ཀྱི་སྨན་བཅོས་ཞབས་ཞུའི་ཁོར་ཡུག་བསྐྲུན་རྒྱུའི་དགའ་བསུ་ཞུ་རྒྱུ་ཡིན།

ཆུ་གསུམ་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་

2026ལོའི་ཟླ་3པའི་ཚེས25ཉིན


扫一扫在手机打开当前页