" />
山南市人民政府
今天是: 2018年9月10日 星期一
当前位置: 首页>政务公开>重点领域信息公开 > 预决算公开

曲松县2025年农产品展销会商户报名公告

2025-09-12 11:53:38 来源:曲松县人民政府办公室(行政审批局)

为充分展现曲松县农特产品形象,不断拓宽特色产品销售渠道,助力农牧民持续增收,山南市第八届中国农民丰收节暨曲松县农产品展销会活动将于2025年9月22日至2025年9月24日在曲松县曲松镇举行,我们诚挚欢迎广大参展商户的到来。为使广大参展商户和群众及时、准确知悉展销会内容,现将相关事宜公告如下:

一、参展范围

民族特色产品、农畜产品、民族手工艺品、日用百货、餐饮、家电家具等。

二、参展报名时间

(一)本土商户:依法注册登记并在曲松有实体店的商户和曲松县农牧民群众,于2025年9月12日至9月15日,在所在地乡镇人民政府现场报名。

(二)其他商户:于2025年9月12日至9月15日下午18点前,向承建展位搭建的第三方公司电话报名。联系人:次仁桑珠,联系电话:17888011383。

三、参展摊位抽签时间及地点

(一)抽签时间

1.本土商户:2025年9月18日早上09:30至12:00。

2.其他商户:2025年9月18日下午15:30至9月19日下午18:00。

(二)抽签地点

请参加摊位抽签的商户在规定时间内携带本人有效身份证件,前往曲松县农产品展销会组委会指挥部(展销会现场)参与摊位抽签,抽完即止。

抽签确定摊位号后,不予退换。

四、展位安排

此次展销会活动展区拟设计展位170个左右(具体以现场场地实际容量为准),单个展位规格为4米×3米,桁架架构,篷布材料为外包广告喷绘布。区域划分有:农特产品展区、民族手工艺品展区、日用百货展区、餐饮展区4大类。(各类展位数量分配最终以实际为准)

五、展位费及押金

展位搭建采取市场化运行模式,由承建的第三方按收费标准自行向参展商户收取展位费,自负盈亏。

六、参展商户注意事项

(一)展销会期间严禁出现倒卖、贩卖摊位的行为,不得在指定摊位以外的任何区域,违规违建、私搭乱建,且不允许展销管制刀具。

(二)参展期间各商户要严格遵守展销会市场秩序,积极配合组委会各项工作,禁止损坏路面、道路及周围公共区域内公共设施。

(三)参展期间,各参展商户对道路交通、财产等安全有关事项自行负责,本县不承担任何责任。

(四)参展商户按照消防管理相关规定,携带4公斤以上的一组灭火器,搭建帐篷内使用节能灯,不得乱接乱牵电线,不得使用大功率电器。

曲松县发展改革和经信商务局

2025年9月12日

ཆུ་གསུམ་རྫོང་༢༠༢༥ལོའི་ཞིང་ལས་ཐོན་རྫས་འགྲེམ་འཚོང་ཚོང་འདུས་གཉེར་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

ཆུ་གསུམ་རྫོང་གི་ཞིང་ལས་ཁྱད་ལྡན་ཐོན་རྫས་ཀྱི་གཟུགས་བརྙན་གང་ལེགས་མངོན་པ་དང་། ཁྱད་ལྡན་ཐོན་རྫས་ཀྱི་ཕྱིར་ཚོང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། ཞིང་འབྲོག་པར་རྒྱུན་མཐུད་འབབ་འཕར་ཡོང་བར་རམ་འདེགས་བཅས་བྱ་ཆེད། ཆུ་གསུམ་རྫོང་༢༠༢༥ལོའི་ཞིང་ལས་ཐོན་རྫས་འགྲེམ་འཚོང་ཚོང་འདུས་དེ་ཉིད་༢༠༢༥ལོའི་ཟླ་༩པའི་ཚེས་༢༢ཉིན་ནས་༢༠༢༥ལོའི་ཟླ་༩པའི་ཚེས་༢༤བར་ཆུ་གསུམ་རྫོང་ཆུ་གསུམ་གྲོང་རྡལ་དུ་གཉེར་རྒྱུ་ཡིན་པས། ང་ཚོས་རྒྱ་ཆེའི་འགྲེམ་ཞུགས་ཚོང་དུད་རྣམས་བྱེད་སྒོར་ཕེབས་རྒྱུར་བསུ་བ་ཞུ་རྒྱུ་དང་། འགྲེམ་སྟོན་ནང་ཞུགས་མཁན་རྒྱ་ཆེའི་ཚོང་དུད་དང་མང་ཚོགས་ཚོས་འགྲེམ་འཚོང་ཚོང་འདུས་ཀྱི་འབྲེལ་ཡོད་ནང་དོན་དུས་ཐོག་དང་ཡང་དག་པའི་སྒོ་ནས་ཤེས་རྟོགས་ཡོང་ཆེད། ད་ལྟ་འབྲེལ་ཡོད་ཀྱི་གནད་དོན་དག་སྤྱི་བསྒྲགས་བྱ་རྒྱུ་གཤམ་གསལ།

དང་པོ། འགྲེམ་སྟོན་གྱི་ཁྱབ་ཁོངས།

མི་རིགས་ཀྱི་ཁྱད་ལྡན་ཐོན་རྫས་དང་། ཞིང་ཕྱུགས་ཐོན་རྫས། མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས། རྒྱུན་མཁོའི་བརྒྱ་ཟོག བཟའ་བཏུང་། ཁྱིམ་སྤྱོད་གློག་ཆས་དང་ཁྱིམ་ཆས་སོགས།

གཉིས། འགྲེམ་ཞུགས་མིང་ཐོ་འགོད་པའི་དུས་ཚོད།

(གཅིག) ས་གནས་དེ་གའི་ཚོང་དུད་ཡིན་ཚེ། ཁྲིམས་ལྟར་ཐོ་འགོད་བྱས་ནས་ཆུ་གསུམ་ལ་ཚོང་ཁང་ཡོད་པའི་ཚོང་དུད་དང་ཆུ་གསུམ་རྫོང་གི་ཞིང་འབྲོག་མང་ཚོགས་ཀྱིས་༢༠༢༥ལོའི་ཟླ་༩པའི་ཚེས་༡༢ཉིན་ནས་ཟླ་༩པའི་ཚེས་༡༥ཉིན་བར་རང་གནས་སའི་ཤང་གྲོང་རྡལ་མི་དམངས་སྲིད་གཞུང་དུ་མིང་ཐོ་འགོད་རྒྱུ།

(གཉིས)ས་གནས་གཞན་གྱི་ཚོང་དུད་ཡིན་ཚེ།༢༠༢༥ལོའི་ཟླ་༩པའི་ཚེས་༡༢ཉིན་ནས་ཟླ་༩པའི་ཚེས་༡༥ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡༨གོང་ཁྲོམ་བཀྱག་རྒྱག་མཁན་གྱི་ཀུང་སིར་ཁ་པར་བརྒྱབ་ཏེ་མིང་ཐོ་འགོད་རྒྱུ།  འབྲེལ་གཏུགས་མི་སྣ་ཚེ་རིང་བསམ་གྲུབ།  འབྲེལ་གཏུགས་ཁ་པར་ཨང་གྲངས་༡༧༨༨༨༠༡༡༣༨༣

གསུམ། འགྲེམ་ཞུགས་ཁྲོམ་བཀྱག་གི་རྒྱན་འཕེན་པའི་དུས་ཚོད་དང་ས་གནས།

(གཅིག)རྒྱན་འཕེན་པའི་དུས་ཚོད།

༡ ས་གནས་དེ་གའི་ཚོང་དུད་ཡིན་ཚེ། ༢༠༢༥ལོའི་ཟླ་༩པའི་ཚེས་༡༨ཉིན་གྱི་ཞོགས་པའི་ཆུ་ཚོད་༠༩:༣༠ནས་༡༢:༠༠བར་ཡིན།

༢ ས་གནས་གཞན་གྱི་ཚོང་དུད་ཡིན་ཚེ།  ༢༠༢༥ལོའི་ཟླ་༩པའི་ཚེས་༡༨ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡༥:༣༠ནས་ཟླ་༩པའི་ཚེས་༡༩ཉིན་གྱི་ཕྱི་དྲོའི་ཆུ་ཚོད་༡༨:༠༠བར་ཡིན།

(གཉིས)རྒྱན་འཕེན་སའི་ས་གནས།

ཁྲོམ་བཀྱག་གི་རྒྱན་འཕེན་ནང་ཞུགས་མཁན་ཚོང་དུད་ཀྱིས་གཏན་འབེབས་བྱས་པའི་དུས་ཚོད་ནང་རང་ཉིད་ཀྱི་གོ་ཆོད་པའི་གྲོང་མིའི་ཐོབ་ཐང་ལག་ཁྱེར་འཁྱེར་ནས། ཆུ་གསུམ་རྫོང་གི་ཞིང་ལས་ཐོན་རྫས་འགྲེམ་འཚོང་སྒྲིག་འཛུགས་ཨུ་ལྷན་གྱི་བཀོད་འདོམས་པུའུ(འགྲེམ་འཚོང་ཚོང་འདུས་ཀྱི་ས་ཡུལ་དངོས)རུ་བསྐྱོད་དེ། ཁྲོམ་བཀྱག་གི་རྒྱན་འཕེན་ནང་ཞུགས་དགོས། རྒྱན་འཕེན་ཚར་རྗེས་འཕྲལ་མར་མཚམས་འཇོག་རྒྱུ། 

རྒྱན་འཕེན་ནས་ཁྲོམ་བཀྱག་གི་ཨང་གྲངས་གཏན་འཁེལ་བྱུང་རྗེས། ཨང་གྲངས་བརྗེ་པ་དང་སློག་པ་སོགས་བྱེད་རྒྱུ་མིན། 

བཞི། འགྲེམ་གནས་བཀོད་སྒྲིག

ད་ཐེངས་ཀྱི་འགྲེམ་འཚོང་ཚོང་འདུས་བྱེད་སྒོའི་འགྲེམ་ཁུལ་དུ་འགྲེམ་གནས་༡༧༠གཡས་གཡོན(ས་གནས་ས་ཐོག་གི་དངོས་ཡོད་ཤོང་ཚད་གཞིར་འཛིན་རྒྱུ)ཇུས་འགོད་བྱ་རྩིས་ཡོད་པ་དང་། འགྲེམ་གནས་རྐྱང་པའི་ཚད་གཞི་ནི་སྨི་༤×སྨི་༣དང་། ཚུགས་སྒྲོམ་གྱི་བཟོ་བཀོད། རས་གུར་ཀྱི་རྒྱུ་ཆ་ནི་ཕྱི་ཐུམ་གྱི་བརྡ་ཁྱབ་སྟོར་བྲིས་རས་གཏོང་རྒྱུ་དང་། ས་ཁོངས་ཀྱི་དབྱེ་བ་ལ། ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམ་ཁུལ་དང་། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམ་ཁུལ། རྒྱུན་མཁོའི་བརྒྱ་ཟོག་འགྲེམ་ཁུལ། བཟའ་བཏུང་འགྲེམ་ཁུལ་བཅས་རིགས་ཆེན་པོ་༤ལ་དབྱེ་ཡོད(དེ་ཡང་རིགས་ཁག་གི་འགྲེམ་གནས་གྲངས་འབོར་བགོ་བཤའ་རྒྱག་སྐབས་མཐར་དོན་དངོས་ཀྱི་གྲངས་འབོར་གཞིར་བཟུང་བགོ་བཤའ་བརྒྱབ་རྒྱུ)

ལྔ། འགྲེམ་གནས་ཀྱི་གྲོན་དངུལ་དང་གཏའ་དངུལ།

ཁྲོམ་བཀྱག་བཙུགས་ནས་ཁྲོམ་ར་ཅན་གྱི་འཁོར་སྐྱོད་བྱེད་སྟངས་སྤྱད་རྒྱུ་ཡིན་པས། ཁྲོམ་བཀྱག་འཛུགས་འགན་འཁུར་བའི་ཕྱོགས་གསུམ་པས་གྲོན་བསྡུའི་ཚད་གཞི་གཞིར་བཟུང་།

འགྲེམས་ཞུགས་ཚོང་པ་ནས་ཁྲོམ་བཀྱག་གི་གྲོན་དངུལ་ལམ་གཏའ་དངུལ་བསྡུ་རྒྱུ། དེར་ཁེ་སང་དང་གྱོང་རྒྱུན་གང་ཡོང་ཚང་མ་རང་ཉེད་ཀྱི་འགན་འཁུར་དགོས།

དྲུག འགྲེམ་ཞུགས་ཚོང་དུད་ཀྱིས་དོ་སྣང་བྱེད་དགོས་པའི་དོན་ཚན།

(གཅིག) འགྲེམ་འཚོང་བྱེད་རིང་། ཁྲོམ་བཀྱག་ལོག་ཚོང་དང་བར་ཚོང་བྱེད་པའི་བྱ་སྤྱོད་རྩ་བ་ནས་བྱེད་མི་ཆོག་པ་དང་། གཏན་འཁེལ་བྱས་པའི་ཁྲོམ་བཀྱག་གི་ས་ཁོངས་ཕུད་པའི་ས་ཁོངས་གང་རུང་དུ་སྒྲིག་འགལ་འཛུགས་སྐྲུན་དང་རང་དགར་བཟོ་སྐྲུན་བྱེད་མི་ཆོག་པ་མ་ཟད། དོ་དམ་བྱེད་པའི་གྲིའི་རིགས་འགྲེམ་འཚོང་བྱས་མི་ཆོག

(གཉིས)འགྲེམ་འཚོང་ནང་ཞུགས་རིང་། ཚོང་དུད་ཁག་གིས་འགྲེམ་འཚོང་ཁྲོམ་རའི་སྒྲིག་ལམ་ལ་བརྩི་སྲུང་ནན་པོ་ཞུས་ནས། སྒྲིག་འཛུགས་ཨུ་ལྷན་གྱི་ལས་དོན་ཁག་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ། ལམ་ངོས་དང་། གཞུང་ལམ། དེ་བཞིན་མཐའ་འཁོར་གྱི་སྤྱི་པའི་ས་ཁོངས་ནང་གི་སྤྱི་པའི་སྒྲིག་བཀོད་ལ་གཏོར་སྐྱོན་བཏང་མི་ཆོག

(གསུམ)འགྲེམ་འཚོང་ནང་ཞུགས་རིང་། ཚོང་དུད་ཁག་གིས་རང་ཉིད་ཀྱི་འགྲོ་ལམ་འགྲིམ་འགྲུལ་དང་རྒྱུ་ནོར་སོགས་ཀྱི་བདེ་འཇགས་ལ་རང་སོ་སོས་འགན་འཁུར་དགོས་པ་ལས། ངེད་རྫོང་གིས་དེའི་ཐད་འགན་འཁྲི་གང་ཡང་འཁུར་རྒྱུ་མིན།

(བཞི)འགྲེམ་ཞུགས་ཚོང་དུད་ཀྱིས་མེ་ཟོན་དོ་དམ་གྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་། སྤྱི་རྒྱ་༤ཡན་གྱི་མེ་གསོད་ཡོ་བྱད་ཁག་གཅིག་འཁྱེར་དགོས་པ་དང་། གུར་ནང་དུ་ནུས་རྒྱུ་བསྲི་ཚགས་ཀྱི་གློག་སྒྲོན་བསྒར་བ་ལས་གློག་སྐུད་གང་བྱུང་འཁྲིད་མི་ཆོག་ལ། ཤུགས་ཚད་ཆེ་བའི་གློག་ཆས་བེད་སྤྱོད་བྱས་མི་ཆོག

ཆུ་གསུམ་རྫོང་འཕེལ་རྒྱས་བསྒྱུར་བཅོས་དང་དཔལ་འབྱོར་ཆ་འཕྲིན་ཚོང་དོན་ཅུད་ནས།

༢༠༢༥ལོའི་ཟླ་༩པའི་ཚེས་༡༢ཉིན།


扫一扫在手机打开当前页